དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་སོགས་སྡེ་ཚན་གྱིས།

    གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་ཉེན་སེལ་དང་གེགས་སེལ་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-14

     ཟླ་7ཚེས་11ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཚན་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་གི་ཆེད་དོན་མཉམ་འབྲེལ་གྲོས་མོལ་བྱས་ནས་ཧུའུ་ནན་དང་། ཨན་ཧུའེ། ཅང་ཤིས་སོགས་ཞིང་ཆེན་10ལ་བརྙན་ལམ་བཀོད་གཏོང་བྱས་ཏེ། ཉེ་དུས་ཀྱི་ཞོད་སྐྱོན་དང་ཆུ་ལོག་གི་གེགས་བར་གནས་ཚུལ་ལ་དབྱེ་ཞིབ་བརྡར་གཅོད་བྱས་པ་མ་ཟད། གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་ཉེན་སེལ་གེགས་སེལ་གྱི་ལས་དོན་ལ་བཀོད་སྒྲིག་ཀྱང་བྱས་པ་རེད།

    གྲོས་མོལ་ནང་བསྟན་དོན། མིག་སྔར་འབྲུབ་ཆུའི་གནོད་འཚེའི་གནས་ཚུལ་ལ་དམིགས་ཏེ་སི་ཁྲོན་དང་ཁྲུང་ཆིང་སོགས་ས་ཁུལ་གྱིས་ཆུ་ལོག་གི་ས་གཤིས་གནོད་འཚེ་འགོག་སྲུང་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཅང་སུའུ་དང་ཨན་ཧུའེ་སོགས་ས་ཁུལ་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཞོད་སྐྱོན་འགོག་ཟོན་ནན་པོ་བྱེད་དགོས་པ། ཧུའུ་ནན་གྱིས་ཆུ་རགས་དང་ཆུ་མཛོད་ལ་སྐོར་ཞིབ་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁའི་གནས་ཚུལ་མགྱོགས་མྱུར་ཐག་གཅོད་དང་ཚོད་འཛིན་བྱས་ཏེ་བདེ་འཇགས་ངང་འབྲུབ་དུས་སྒྲོལ་བའི་འགན་ལེན་བྱེད་དགོས། ཆུ་མཛོད་དང་ཆུ་རགས་ཀྱི་སྐོར་ཞིབ་འགོག་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་ཉེན་ཁའི་གནས་ཚུལ་སྔ་ཙམ་དང་ཆུང་ཙམ་ནས་སེལ་ཐུབ་པའི་འགན་ལེན་བྱེད་དགོས། མི་སྣ་སྤོ་སྒྱུར་གྱི་ཉེན་གཡོལ་འགན་འཁྲིའི་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱས་ཏེ་སྤོ་སྒྱུར་བྱེད་དགོས་རིགས་སྤོ་སྒྱུར་གང་ཐུབ་བྱེད་པ་དང་སྤོ་སྒྱུར་བྱེད་དགོས་རིགས་སྔ་ཙམ་སྤོ་སྒྱུར་བྱེད་པ་དང་དུས་མཚུངས་སྤོ་སྒྱུར་མི་སྣའི་བདེ་འཇགས་དོ་དམ་དང་འཚོ་བའི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས། ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་བེད་སྤྱོད་ཐད་ཤུགས་སྣོན་རྒྱག་པ་དང་། སྔོན་ཐོན་གྱི་བྱ་ཐབས་སྤྱད་དེ་མདོང་ལམ་ནས་ཆུ་ལུད་པ་དང་ཆུ་སིམ་པ་སོགས་ཀྱི་ཉེན་ཁའི་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་པ་དང་། རང་འགུལ་གྱི་བྱེ་རྡོའི་ཐུམ་རྒྱག་འཕྲུལ་འཁོར་སོགས་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ལས་ཕྱོད་ཆེ་བའི་ཉེན་སེལ་རོགས་སྐྱོབ་ཐུབ་པར་བྱེད་དགོས། རྗེས་མཐུད་ཀྱི་དྲག་ཆར་དང་ཆུ་ལོག་ཞོད་སྐྱོན་ལ་སྔོན་འགོག་དང་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱས་ནས་ཉེན་ཁའི་གནས་ཚུལ་ལ་གོ་རིམ་ལྡན་པའི་ངང་དཔྱད་དཔོག་དང་གནོད་འཚེའི་རྗེས་ཀྱི་སླར་གསོ་བསྐྱར་སྐྲུན་ཡག་པོ་བྱས་ཏེ་གེགས་ཁུལ་གྱི་རྒྱུན་གཏན་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་དགོས།

    འབྲུབ་ཆུ་རྒྱས་ཚུན། ཚོང་དོན་པུས་འཕྲལ་སྡོམ་ལམ་སྲོལ་སྤྱོད་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཧུའུ་ནན་དང་། ཧྲན་ཏུང་། ཧོ་ནན་སོགས་ས་ཁུལ་གྱི་འབྲུབ་ཆུའི་གནས་ཚུལ་གྱི་ཤུགས་རྐྱེན་ལ་དོ་ཁུར་ཟབ་མོ་བྱས་ཏེ་གཙོ་གནད་ས་ཁུལ་ལ་རྩ་འཛུགས་ཀྱི་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་བར་མཛུབ་ཁྲིད་བྱས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་འགན་ལེན་ཏན་ཏིག་བྱས་ཡོད།

    ཁྲོམ་རའི་མཁོ་སྤྲོད་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བའི་ཐད་གེགས་ཁུལ་གྱི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་དམ་པོར་གཞིགས་ཏེ་ཤ་ཚལ་སྒོང་གསུམ་དང་། འབྲུ་སྣུམ། འོ་མ། ཤིང་འབྲས། དེ་བཞིན་སྟབས་བདེའི་བཟའ་བཅའ་དང་ཆུ་སོགས་འཚོ་བའི་མཁོ་ཆས་ལ་དམིགས་ནས་གཙོ་གནད་ས་ཁུལ་གྱི་གྲངས་འབོར་དང་རིན་གོང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་ཁྲོམ་རའི་རྒྱུན་ལྡན་མིན་པའི་སྙན་ཞུ་མེད་པའི་ལམ་ལུགས་ལག་ལེན་བསྟར་ཡོད། དངོས་ཟོག་གྲབས་གསོག་དང་གཏོང་འདྲེན་ཐད། གཙོ་གནད་ས་ཁུལ་གྱི་མཁོ་སྤྲོད་འགན་ལེན་ཁེ་ལས་ཀྱི་མཛོད་ཉར་འདང་ངེས་བྱས་པ་མ་ཟད། འཕྲལ་སྡོམ་གཏོང་འདྲེན་གྱི་གྲ་སྒྲིག་ཡག་པོའང་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།