དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་སྐབས་སོ་གཉིས་པ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-14

    “ཀྲུང་ཧྭའི་ཤེས་དཔལ་དར་བ་བྱེད། རིག་གནས་འགན་འཁྲི་ཕྲག་ཏུ་འཁུར”ཞེས་པའི་བརྗོད་དོན་གཙོ་བོའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་སྐབས་སོ་གཉིས་པ་ཚེས་11ཉིན་པེ་ཅིང་དུ་འགོ་ཚུགས་པ་རེད།

    སྐབས་འདིའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོས་བརྗོད་དོན་གཙོ་བོར་དམིགས་ནས་ས་གནས་ཁག་གི་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ཁྱིམ་ཚང་དུ་ཕ་མ་བུ་ཕྲུག་དཔེ་ཀློག་དང་། སློབ་གྲྭའི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ། དྲ་ཐོག་ནས་དྲི་བར་ལན་རྒྱག་པ། སྲོལ་རྒྱུན་རིག་གནས་གསུང་རབ་དཔེ་ཀློག་ལག་ལེན་སོགས“དཔེ་ཀློག+ལག་ལེན”བཅས་ཀྱི་ཁྱད་ལྡན་བྱེད་སྒོ་སྤེལ་བ་མ་ཟད། ལེ་ལག་བྱེད་སྒོར་སྤྱོད་པའི་དཔེ་དེབ་དཔེ་སྐྲུན་བྱས་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་བར་ཁྲིད་སྟོན་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་གཞོན་ནུ་ལོ་ཆུང་གི་རྒྱལ་གཅེས་རིང་ལུགས་ཀྱི་དཔེ་ཀློག་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་སྤེལ་ནས་ལོ་31ཕྱིན་པ་དང་རིམ་རྩིས་བྱས་ན་གཞོན་ནུ་ལོ་ཆུང་གི་ཀློག་པ་པོ་མི་ཐེངས་དུང་ཕྱུར་10ལ་ཞབས་འདེགས་ཞུས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།