དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་རང་རྒྱལ་གྱི་ཚོང་ལས་དངུལ་ཁང་གཙོ་བོའི་རྒྱལ་སྤྱིའི་མཇུག་བསྡོམས་རྩིས་འབོར་མང་ཤོས་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-14

    ཉེ་ཆར། ཀྲུང་གོ་དངུལ་ཁང་ལས་རིགས་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི《ཀྲུང་གོ་ཚོང་དོན་དངུལ་རྩའི་ལས་རིགས་འཕེལ་རྒྱས་སྙན་ཞུ(2023-2024)》ཞེས་པའི་ནང་། ཀྲུང་གོ་དངུལ་ཁང་ལས་རིགས་མཐུན་ཚོགས་ཀྱི་ཚོང་དོན་དངུལ་རྩའི་ཆེད་ལས་ཨུ་ལྷན་གྱི་བསྡོམས་རྩིས་རགས་ཙམ་ལྟར་ན། 2023ལོར་རང་རྒྱལ་གྱི་ཚོང་ལས་དངུལ་ཁང་གཙོ་བོའི་རྒྱལ་སྤྱིའི་མཇུག་བསྡོམས་རྩིས་འབོར་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ནས་ཨ་སྒོར་དུང་ཕྱུར་ཁྲི་11.57ཟིན་པ་དེ་ལོ་གོང་མ་དང་བསྡུར་ན་4.4%འཕར་བ་དང་། རྒྱལ་ནང་གི་ཡིད་རྟོན་ལག་ཁྱེར་མཇུག་བསྡོམས་རྩིས་འབོར་གྱི་སྤྱི་འབོར་ལོ་གོང་མ་དང་བསྡུར་ན་མངོན་གསལ་དོད་པོས་འཕར་ནས་གྲངས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་ཁྲི་3ལས་བརྒལ་བ་དང་འཕར་ཚད་24.9%ཟིན་པ། རྒྱལ་ནང་གི་འཛད་སྤྱོད་འགན་ལེན་ལས་ཚབ་དང་རྒྱལ་སྤྱིའི་འཛད་སྤྱོད་འགན་ལེན་ལས་ཚབ་ཀྱི་ལས་སྒོ་གཉིས་ཀ་མགྱོགས་མྱུར་འཕར་བ་རྒྱུན་འཁྱོངས་ཐུབ་ནས་འཕར་ཚད་34.7%དང་16.7%སོ་སོར་ཟིན་པ་དང་། རྒྱལ་ནང་གི་འཛད་སྤྱོད་འགན་ལེན་ལས་ཚབ་ཀྱི་ལས་སྒོ་སྔར་བཞིན་འཕར་གཞི་གཙོ་བོ་ཡིན་པ་དེས་བསྡུར་ཚད་94%བཟུང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།