དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་པེས་འདེམས་གཏོང་ནུས་རྒྱུ་གསར་པ་འཕེལ་རྒྱས་ཤུགས་ཆེན་བཏང་བ།

    འདི་ལོ་དཔེ་སྟོན་ལས་གྲྭ་30ལྷག་ཙམ་བསྐྲུན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-14

    ཞིང་ཆེན་ཡོངས་ཀྱི་འདེམས་གཏོང་ནུས་རྒྱུ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་ཆེད། ཉེ་ཆར། ཧོ་པེ་ཞིང་ཆེན་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱིས《ཧོ་པེ་ཞིང་ཆེན་གྱི་གསར་སྤེལ་ཁུལ་གྱི་འདེམས་གཏོང་ནུས་རྒྱུ་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཇུས་གཞི》བཀྲམ་ནས་གསར་སྤེལ་ཁུལ་གྱི་བེད་སྤྱོད་རྣམ་པ་མི་འདྲ་བ་དང་། ཐོན་ལས་ཀྱི་གློག་སྤྱོད་ཁུར་པོའི་དགོས་མཁོ་དང་འབྱུང་འགྱུར་ཐོན་ལས་རྣམ་གྲངས་ཀྱི་བཀོད་པ་མི་འདྲ་བར་གཞིགས་ནས་གསར་སྤེལ་ཁུལ་གྱི་འདེམས་གཏོང་ནུས་རྒྱུ་གསར་པ་གསར་སྤེལ་དང་བེད་སྤྱོད་ཚན་རིག་དང་མཐུན་པའི་འཆར་འགོད་དང་སྤྱི་འདོམས་སྐུལ་འདེད་གཏོང་དགོས་པ་ཁ་གསལ་བསྟན་ཡོད།

    ཇུས་གཞིའི་ནང་། 2024ལོར་ཐོག་ཁ་དང་། བེད་མེད་དུ་འཇོག་པའི་ས་སྟོང་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གློག་ཤུགས་འདྲེན་སྤྱོད་ནུས་པ་ཅུང་ལེགས་པའི་གསར་སྤེལ་ཁུལ་ཁག་གཅིག་སྤྱད་དེ་འདེམས་གཏོང་ནུས་རྒྱུ་གསར་པ་འཛུགས་སྐྲུན་ཚོད་ལྟ་བྱས་ནས་ཐོག་ཁའི་འདེམས་གཏོང་འོད་ཤུགས་དང་ཁ་འགྲེམས་རྣམ་པའི་རླུང་ཤུགས་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་100ཡན་མང་དུ་གཏོང་རྒྱུ་བརྩོན་ལེན་བྱས་ཏེ་དཔེ་སྟོན་ལས་གྲྭ་30ཡས་མས་གསར་སྐྲུན་བྱ་རྒྱུ་ཡིན་པ་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།