དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-14

    ཚེས་11ཉིན་མི་སྤྱི་པུས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་2024ལོའི་མཐོ་སློབ་སློབ་ཐོན་སློབ་མ་སོགས་གཞོན་ནུའི་ལས་ཞུགས་ཞབས་ཞུའི་འགག་སྒྲོལ་བྱ་སྤྱོད་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་ཏེ། དེ་ཉིན་ནས་ཟླ་བཅུ་གཉིས་པའི་བར་2024ལོའི་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་དང་ལས་ཤོར་ཐོ་བཀོད་བྱས་པའི་གཞོན་ནུར་གཅིག་སྡུད་ཐོག་སྲིད་ཇུས་དོན་འཁྱོལ་དང་། ལས་བསྡུ་འབྲེལ་མཐུད། དཀའ་ངལ་ཐད་རོགས་རམ། འཇོན་ཐང་ཆེ་རུ་གཏོང་བ། ཁེ་དབང་སྲུང་སྐྱོང་སོགས་ཀྱི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བྱ་སྤྱོད་སྤེལ་རིང་། ས་གནས་ཁག་གིས་ད་དུང་ལས་ཞུགས་དབང་ཆ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ལས་བསྡུ་རྫུན་མ་དང་ལས་ཞུགས་མཐོང་ཆུང་སོགས་ཁྲིམས་འགལ་བྱེད་སྤྱོད་བཅོས་སྒྲིག་བྱེད་པ། ལས་འཚོལ་ཐད་ཀྱི་མགོ་སྐོར་བསླུ་བྲིད་ལ་དོགས་ཟོན་བྱེད་དགོས་པའི་དྲན་སྐུལ་བྱེད་པ། གློག་འཕྲིན་ཁ་བསླུས་འགོག་པའི་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་ཉེན་འགོག་འདུ་ཤེས་ཟབ་ཏུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།