དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱིས་ཞབས་ཞུའི་བྱ་ཐབས་ཁག་12བཏོན་ནས།

    གཉེར་སྐྱོང་བྱེད་པོ་ཆུང་ཕྲན་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-14

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར། མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་མཉམ་དུ《2024ལོར་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི“དཔྱིད་ཆར་མྱུག་གསོའི”ཆེད་དོན་བྱ་སྤྱོད་ལག་བསྟར་ཇུས་གཞི”(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ཞིང་། “ལས་ཆོད་ཆེན་པོས་བྱ་བ་གཅིག་སྒྲུབ་པ”དང“དམངས་བདེ་ཁྲལ་སྒྲུབ་ཀྱི་དཔྱིད་རླུང་བྱ་སྤྱོད”དོན་འཁྱོལ་ལ་དམིགས་པ་དང་། “ཁེ་ལས་ཆུང་ཕྲན་བརྟན་གཏོང་ལེགས་འཕེལ་ལ་ཕན་འདོགས་པའི”བརྗོད་དོན་གཙོ་བོར་དམིགས་ནས། དེ་སྔའི་ལོ་གསུམ་གྱི“དཔྱིད་ཆར་མྱུག་གསོའི”བྱ་སྤྱོད་ཀྱི་ཞབས་ཞུའི་བྱ་ཐབས་རིགས་ཆེན་པོ་བཅུའི་རྣམ་གྲངས་36རྒྱུན་མཐུད་དང་ཟབ་ཏུ་བཏང་བའི་རྨང་གཞིའི་ཐོག་ཞབས་ཞུའི་བྱ་ཐབས་ཁག་12གཙོ་གནད་དུ་བཏོན་ཏེ་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་གྱི་ཁྲལ་གྲོན་ཞབས་ཞུ་རྒྱུན་མཐུད་ལེགས་སུ་བཏང་སྟེ། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་སྐུལ་འདེད་བཏང་བ་རེད།

    《ཇུས་གཞིའི》ནང་། ཕྱོགས་གཉིས་པོས་རྒྱུན་རྣམ་ཅན་གྱི་སྒོ་ནས་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་གནད་སྨིན་ངང་ཁྱབ་སྤེལ་གཏོང་བའི་རྨང་གཞིའི་ཐོག གསར་བཙུགས་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་ལ་ཕྱོགས་པའི་ཁྲལ་གྲོན་ཟུར་ཁྲིད་ཀྱི“ལས་གཉེར་སློབ་ཚན་དང་པོ”གཙོ་གནད་ཐོག་ཡག་པོ་འཚོགས་ནས་གསར་བཙུགས་གཉེར་སྐྱོང་པར་ཁྲལ་གྲོན་གྱི་ལས་སྒོ་སྒྲུབ་པ་དང་དུས་ཐོག་ཏུ་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་རྒྱུར་རོགས་རམ་བྱ་རྒྱུ་དང་། འདུས་གྲུབ་རྣམ་པའི་རང་འདེམས་མཐའ་སྣེ་སྤྱད་དེ་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་ལ“ཆུ་ཚོད་24རིང་སྒོ་མི་རྒྱག་པའི”ཞབས་ཞུ་འཚོལ་ཞིབ་བྱས་ནས་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་གྱི་ཁྲལ་གྲོན་ལས་སྒོ“ཉེ་སར་སྒྲུབ་ཐུབ་པ་དང་སྒྲུབ་བདེ་བའི”དགོས་མཁོ་སྐོང་རྒྱུ། གཉེར་སྐྱོང་བྱེད་པོ་ཆུང་ཕྲན་ལ་སྤུས་ལེགས་ནུས་ཆེའི་དྲ་ཐོག་གཉེར་སྐྱོང་ཞབས་ཞུ་དང་། ནུས་ཆེ་གནད་སྨིན་གྱི་གཉེར་སྐྱོང་མཉམ་ལས་ཞབས་ཞུ། ས་ཁུལ་བརྒལ་བའི་ལས་སྒོ་མཉམ་གཉེར་ཀུན་སྒྲུབ་ཞབས་ཞུ་བཅས་རྒྱུན་མཐུད་སྒྲུབ་པ་དང་ཆབས་ཅིག ཞབས་ཞུའི་ཚོམས་ཆེན་དུ་ཡོང་མཁན་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་ལ་ཁྲལ་གྲོན་གྱི་དོན་ཚན་མགྱོགས་མྱུར་གཉེར་རྒྱུར་ཟུར་ཁྲིད་བྱས་ནས་ཁྲལ་གཉེར་མ་གནས་ཆུང་དུ་གཏོང་རྒྱུ། ཁེར་རྐྱང་བཟོ་ཚོང་བའི་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་དགོས་མཁོ་དང་འཕེལ་རྒྱས་ཀྱི་ལེགས་ཆ་མི་འདྲ་བར་གཞིགས་ནས་ཁྱད་པར་ཅན་གྱི་རོགས་སྐྱོར་བྱ་ཐབས་དང་རང་སོའི་ཁྱད་ཆོས་ལྡན་པའི་སྐྱེད་སྲིང་བྱ་ཐབས་འཚོལ་ཞིབ་བྱས་ཏེ། སྤུས་ལེགས་ཀྱི་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་ཕྱོགས་སྒྱུར་རིམ་སྤོར་ལ་བསྔགས་སྐུལ་དང་ཁྲིད་སྟོན་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་འཕེལ་བར་བྱ་རྒྱུ། ཚན་རྩལ་གསར་གཏོད་དང་བཟོ་སྐྲུན་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་གྱི་ལྗོངས་རྣམ་ཧྲིལ་པོ་དང་དུས་འཁོར་ཧྲིལ་པོའི་སྲིད་ཇུས་ཟུར་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། གྲུབ་ཆའི་རང་བཞིན་གྱི་ཁྲལ་རིན་གཉིས་གཅོག་གི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཁོངས་བརྒལ་གཉེར་སྐྱོང་བྱེད་པོ་ཆུང་ཕྲན་གྱི་འཕེལ་རྒྱས་ཀྱི་དུས་རིམ་མི་འདྲ་བའི་ཞབས་ཞུའི་དགོས་མཁོར་དམིགས་ཏེ། བརྒྱུད་རིམ་ཧྲིལ་པོར“སྲུང་སྐྱེལ”བྱེད་པའི་ཞབས་ཞུའི་རྣམ་པར་བརྟེན་ནས་སྤུས་ཚད་མཐོ་བའི“ནང་འདྲེན”དང་ཆུ་ཚད་མཐོ་བའི“ཕྱིར་སྐྱོད”ལ་སྔར་བས་རམ་འདེགས་བྱ་རྒྱུ་བཅས་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།