དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ཟླ་5པར་མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་རྒྱུན་མཐུད་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-14

    ཉེ་ཆར། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་དོན། ད་ལོ་ནས་བཟུང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་བརྟན་ཐོག་ཡར་འཕར་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། སྲིད་ཇུས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་པས། ཟླ་5པར་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་འཕར་བ་དང་ཐོན་སྐྱེད་ཀྱི་དགོས་མཁོ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ཡོད།

    བཟོ་ལས་ཐོན་སྐྱེད་རྒྱུན་མཐུད་འཕར་ཞིང་། ཟླ་5པར་ཞིང་ཆེན་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་6.0%འཕར་ནས་ཟླ་གཉིས་བསྟུད་མར་འཕར་ཡོད། ཞིང་ཆེན་ཡོངས་ཀྱི་ཐོན་སྐྱེད་ལས་རིགས་ཆེ་གྲས་32ཁྲོད་ནས་ལས་རིགས་16གི་འཕར་ཐང་དུས་མཚུངས་ལས་འཕར་བ་དང་ཟླ་4པ་ལས་1འཕར་ཡོད།

    ཞབས་ཞུའི་ལས་རིགས་བརྟན་པོ་འཕར་ཞིང་། དངུལ་རྩའི་ལས་རིགས་འཁོར་རྒྱུག་བརྟན་པོ་བྱས་ནས་ཟླ་5པའི་ཟླ་མཇུག་ཏུ་ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་དུས་མཚུངས་ལས་4.0%འཕར་བ་དང་དངུལ་བུན་གྱི་ལྷག་གྲངས་6.3%འཕར་ཡོད། འགྲུལ་སྐྱེལ་འཕར་ཚད་མགྱོགས་པོ་རྒྱུན་འཁྱོངས་ཐུབ་པ་དང་ཟོག་འདྲེན་ཆག་ཚད་རྒྱུན་ཆད་མེད་པར་ཆུང་དུ་ཕྱིན་ནས། ཟླ་དང་པོ་ནས་ལྔ་པའི་བར་ཞིང་ཆེན་ཡོངས་ཀྱི་འགྲུལ་སྐྱེལ་བྱེད་ཚད་དུས་མཚུངས་ལས་16.0%འཕར་ཡོད།

    གཙོ་གནད་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། ཟླ་དང་པོ་ནས་ལྔ་པའི་བར་ཞིང་ཆེན་ཡོངས་ཀྱིས་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་3.1%ཆག་ཡོད། བཟོ་ལས་ལ་མ་དངུལ་བཏང་ནས་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་དུས་མཚུངས་ལས་13.4%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།