དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་གྱིས་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་གསོ་སྐྱོང་ཧུར་ཐག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-13

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་གྱིས་ལས་བྱེད་པ“འདེམས་པ་དང་། གསོ་སྐྱོང་། དོ་དམ། སྤྱོད་པ”བཅས་ཕྱོགས་བཞིའི་ལས་དོན་ལ་དམིགས་ནས་གནད་སྨིན་ཤུགས་འདོན་བྱས་ཏེ། ལྷག་བསམ་ཟོལ་མེད་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་པ་རེད།

    འབྱུང་རྩར་ཤུགས་སྣོན་བརྒྱབ་ནས་སེམས་ནུས་གཅིག་སྒྲིལ་གྱིས་ལས་བྱེད་པ་ཡག་པོ་བདམས་པ། གསོ་སྐྱོང་གི“ལམ་རིས”དང“དུས་ཚོད་རེའུ་མིག”ཁ་གསལ་བཟོས་ནས་གཞུང་ཞབས་པ(འདེམས་སྐོང་སློབ་མ)39དང་བྱ་གཞག་སྒྲིག་ཁོངས་མི་སྣ་11བསྡུ་ལེན་བྱས་ཏེ། འཇོན་ཐང་མངོན་གསལ་དོད་ལ་ཀུན་གྱིས་ཁས་ལེན་བྱེད་པའི་ཕུལ་བྱུང་ལས་བྱེད་པའི་འོས་མི་101རྒྱུན་མཐུད་གྲབས་གསོག་བྱས་ཡོད།

    རྩ་བ་བརྟན་ཚུགས་དང་བླ་སྲོག་ལྡན་པར་བྱས་ནས་ནུས་ཤུགས་གཅིག་སྒྲིལ་གྱིས་ལས་བྱེད་པ་གསོ་སྐྱོང་བྱས་པ། གྲོང་ཨུད་ཏང་གི་སློབ་གྲྭ་དང་ཞིང་སྦོལ་རིག་གནས་རྟེན་རྫས་བཤམས་མཛོད་ཁང་ལ་བརྟེན་ནས་གསོ་སྦྱོང་སྣ་ཚོགས་བྱས་པ་དང་། ལས་ཞུགས་གོང་གི་གསོ་སྦྱོང་འཛིན་གྲྭ་བེད་སྤྱོད་ཡག་པོ་བྱས་ནས་གསར་དུ་བསྡུས་པའི་གཞུང་ཞབས་པར་འཇོན་ཐང་ཆེ་རུ་གཏོང་བ་དང་ལས་ཀ་སྒྱུར་རོགས་བྱས་པ། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་། ལས་སྒོའི་འཇོན་ཐང་ཆེ་བ། ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པ་བཅས་ཀྱི་བློ་མཐུན་རྒན་གྲས་བདམས་ནས“དགེ་རྒན་གྱིས་དགེ་ཕྲུག་བསྐྱངས་པ”བཅས་བྱས་པ་རེད།

    དོ་དམ་ནན་པོ་དང་གཅེས་སེམས་ཟབ་མོ་བཅངས་ནས་ལས་བྱེད་པ་དོ་དམ་ཡག་པོ་བྱས་པ། དུས་རྒྱུན་གྱི་དཔྱད་ཞིབ་དང་། ལོ་འཁོར་གྱི་དཔྱད་ཞིབ། ཚོད་ལྟའི་དུས་ཡུན་ཐིམ་རྗེས་ཀྱི་དཔྱད་ཞིབ་མ་ལག་བཅས་བཙུགས་ནས་ལས་བྱེད་པ་དོ་དམ་ནན་པོ་བྱས་པ། ལས་བྱེད་པའི་ཁྱིམ་དུ་འཚམས་འདྲི་བྱེད་པ་དང་། དུས་རྒྱུན་སྙིང་གཏམ་གླེང་བ། ལྟ་སྐུལ་ཐེར་འདོན་ཁ་པར་12380སོགས་ཀྱི་བྱ་ཐབས་དང་ཟུང་འབྲེལ་བྱས་ཏེ་ལས་བྱེད་པའི་རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་བ་རེད།

    ནུས་ཤུགས་ཡོད་རྒུས་ལས་སྟེགས་འཛུགས་པ་དང་ལས་གནས་མཁོ་འདོན་བྱས་ནས་ལས་བྱེད་པ་གནད་སྨིན་སྤྱད་པ། སེམས་ཤུགས་ཆེན་པོས“ལས་སྟེགས་འཛུགས་པ”དང“ལས་གནས་མཁོ་འདོན”བྱས་པ་དང་། འདི་ལོ་ནས་བཟུང་། ལས་བྱེད་པ་64ལེགས་སྒྲིག་དང་ལས་བྱེད་པ་17གྱི་གོ་གནས་སྤར་ཡོད། “སྤྱོད་ལམ་ལ་མཐོང་ཆེན་དང་། དངོས་སྒྲུབ་ལ་མཐོང་ཆེན། ཀུན་གྱིས་ཁས་ལེན་བྱེད་མིན་ལ་མཐོང་ཆེན”བཅས་ཀྱི་མི་སྤྱོད་སྟོན་ཕྱོགས་གསལ་པོ་མཐའ་འཁྱོངས་བྱས་ཏེ། འདི་ལོར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པའི་ལས་བྱེད་པ་80ཡི་འགན་རིམ་དམིགས་སུ་བཀར་ནས་སྔོན་ལ་སྤར་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།