དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཕྱི་འབྲེལ་པུས་བསྟན་དོན།

    རྒྱལ་ཁབ་ཁག་གི་གྲོགས་པོ་ཚོ་ཀྲུང་གོར་ཡུལ་སྐོར་དུ་ག་དུས་ཡོང་ནའང་དགའ་བསུ་ཞུ་གི་ཡིན།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-13

    ཉིན་ཤས་གོང་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་རྒྱལ་ཁབ་ཁག་གི་གྲོགས་པོ་ཚོ་ཀྲུང་གོར་ཡུལ་སྐོར་དུ་ག་དུས་ཡོང་ནའང་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་བ་དེ་དར་སྲོལ་ཞིག་ཏུ་གྱུར་ནས་གོ་ལ་ཧྲིལ་པོའི་དྲ་རྒྱའི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་ཐོག་ཚ་རླབས་ཤིག་འཕྱུར་ཡོད། ཕྱི་རྒྱལ་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་མང་པོའི་གྲངས་གཞི་ལས་མངོན་པར།“China Travel(ཀྲུང་གོར་ཡུལ་སྐོར་བྱེད)”དེ་འཚོལ་བཤེར་བྱེད་མང་ཤོས་ཤིག་ཏུ་གྱུར་ཡོད། མགྲིན་ཚབ་པས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས།

    ལིན་ཅན་གྱིས“ཉེ་དུས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ཡོང་བའི་ཚ་རླབས་རྒྱུན་མཐུད་ངང་འཕྱུར་བ་མཐོང་སྐབས་ང་ཚོ་ཧ་ཅང་དགའ་པོ་བྱུང”ཀྲུང་གོ་ཕྱོགས་ཀྱི་གཙོ་གཉེར་སྡེ་ཚན་གྱི་གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་འགག་སྒོ་ཁག་ནས་རྒྱལ་ཁོངས་ནང་འཛུལ་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་1463.5ཟིན་པ་དེ་དུས་མཚུངས་ལས་152.7%འཕར་ཡོད། དེའི་ནང་རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པར་རྒྱལ་མཚམས་ནང་འཛུལ་མཁན་མི་ཐེངས་ཁྲི་854.2ཟིན་པ་དེ་དུས་མཚུངས་ལས་190.1%འཕར་ཡོད། རྒྱལ་སྒྲོལ་ཐོངས་མཆན་མི་དགོས་པའི“གྲོགས་ཚོགས”རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་བ་དང་མི་སྣ་འགྲོ་འོང་སྟབས་བདེ་ཡོང་བའི་བྱ་ཐབས་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་བསྟུན་ནས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཀྲུང་གོར་ག་དུས་ཡོང་ཡང་ཆོག་པ་དེ་མངོན་སུམ་དུ་འགྱུར་བཞིན་ཡོད་ཅེས་བརྗོད་པ་རེད།

    ལིན་ཅན་གྱིས་ཀྲུང་གོ་ཕྱོགས་ཀྱི་གཙོ་གཉེར་སྡེ་ཚན་གྱིས་སྔོན་དཔག་བྱས་པར། འདི་ལོའི་ལོ་སྨད་དུ་ཕྱི་རྒྱལ་བ་ཀྲུང་གོར་ཡུལ་སྐོར་ཡོང་ཚད་མུ་མཐུད་མང་དུ་འགྲོ་རྒྱུ་རེད། “ཀྲུང་གོར་ཡུལ་སྐོར་བྱེད་པ”དར་ཁྱབ་བྱུང་བ་ནི་ཀྲུང་གོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་ཀྲུང་གོའི་སྤྱི་ཚོགས་ཀྱི་སྒོ་དབྱེ་བསྟུན་མཁས་དང་མི་དམངས་ཀྱི་སྤྲོ་སེམས་དང་མཛའ་བརྩེ་ལས་བྱུང་བ་ཞིག་ཡིན་ལ། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་ལས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཤིག་ཀྱང་ཡིན་ཞེས་བརྗོད།

    ཁོང་གིས“ང་ཚོས་མུ་མཐུད་འཛམ་གླིང་ལ་སྒོ་དབྱེའི་རྣམ་འགྱུར་འཛིན་པ་དང་རང་ངོས་ཀྱི་འཕེལ་རྒྱས་གསར་པར་བརྟེན་ནས་འཛམ་གླིང་ལ་སྒུལ་ཤུགས་གསར་པ་སྦྱིན་ཏེ། ཀྲུང་གོ་དང་ཕྱི་རྒྱལ་དབར་གྱི་འགྲོ་འོང་ལ་དེ་བས་གསོན་ཤུགས་ལྡན་པ་བྱ་རྒྱུ་ཡིན”ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།