སྣུམ་དང་སོལ་རླངས་རྩད་ཞིབ་གསར་སྤེལ་བྱེད་པར་གསོག་འཇོག་མང་བའི་རྣམ་པ་བཟང་པོ་མངོན་པ།
2018ལོ་ནས་བཟུང་ལོར་ཆ་སྙོམས་མ་འཇོག་སྒོར་དུང་ཕྱུར་3500ལྷག་ཙམ་ཟིན་པ།
ཚེས་10ཉིན་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་འཚོགས་པའི་2024ལོའི་སྣུམ་དང་སོལ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་མཐོར་གཏོང་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་ནུས་རྒྱུའི་ཁོངས་གཏོགས་དང་། སྣུམ་དང་སོལ་རླངས་ཐོན་སྐྱེད་ཁེ་ལས་ཀྱིས“སྣུམ་དང་སོལ་རླངས་རྩད་ཞིབ་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བའི་ལོ་བདུན་གྱི་བྱ་སྤྱོད་འཆར་གཞི”ལག་ལེན་མཐའ་གཅིག་ཏུ་བསྟར་ནས་རྩད་ཞིབ་བྱས་ནས་གསར་དུ་རྙེད་པའི་ཏུན་དུང་ཕྱུར་རིམ་པ་དང་སྨི་རྒྱ་དཔངས་ངོས་གྲུ་དུང་ཕྱུར་སྟོང་རིམ་པའི་སྣུམ་ཞིང་དང་སོལ་རླངས་ཞིང་ཁ་ཆེན་པོ་ཁག་དང་པོ་ལས་གསོག་འཇོག་མང་བའི་རྣམ་པ་བཟང་པོ་མངོན་ཡོད།
ཚོགས་འདུར《2024ལོའི་ཀྲུང་གོའི་སྣུམ་དང་སོལ་རླངས་རྩད་ཞིབ་གསར་སྤེལ་སྐོར་གྱི་འཕེལ་རྒྱས་སྙན་ཞུ》ཁྱབ་བསྒྲགས་བྱས་པའི་ནང་མངོན་པར། 2018ལོ་ནས་བཟུང་། སྣུམ་དང་སོལ་རླངས་ཐོན་ལས་སྔ་མར་མ་འཇོག་བྱེད་ཚད་རྒྱུན་མཐུད་མང་དུ་ཕྱིན་ནས་རྩད་ཞིབ་གསར་སྤེལ་ཐད་ལོར་ཆ་སྙོམས་མ་འཇོག་སྒོར་དུང་ཕྱུར་3500ལྷག་ཙམ་ཟིན་ཡོད་པ་རེད།