དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིན་ཅང་གིས་ཕྱི་ཕྱོགས་སུ་གློག་གཏོང་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་8000ཡན་ཟིན་པ།

    ནུས་རྒྱུ་གསར་པས་བཅུ་ཆ་གསུམ་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-13

    གསར་འགོད་པས་ཤིན་ཅང་གློག་ཤུགས་ཉོ་ཚོང་ལྟེ་གནས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2010ལོར་ཤིན་གློག་ཕྱིར་གཏོང་ལས་གྲྭ་ལག་བསྟར་བྱས་ཚུན་ཤིན་ཅང་གིས་ཕྱི་ཕྱོགས་སུ་གློག་གཏོང་ཚད་རིམ་རྩིས་བརྒྱབ་ན་ཆན་ཝ་ཆུ་ཚོད་དུང་ཕྱུར་8014ཟིན་པ་དང་གློག་གཏོང་ཁྱབ་ཁོངས་ཞིང་ཆེན་20ལ་ཁྱབ་ཡོད་པ་རེད།

    ཤིན་ཅང་གིས་སྔ་རྗེས་སུ“སྤེལ་རྒྱུག་གཉིས་དང་ཐད་རྒྱུག་གཉིས”ཀྱི་ཕྱིར་གཏོང་གློག་ལམ་བཞི་བསྐྲུན་ནས་ཕྱི་ཕྱོགས་སུ་གློག་གཏོང་ཚད་དེ་2010ལོའི་ཆན་ཝ་ཆུ་ཚོད་དུང་ཕྱུར་3ནས་2023ལོའི་ཆན་ཝ་ཆུ་ཚོད་དུང་ཕྱུར་1262བར་མང་དུ་ཕྱིན་ཡོད། མིག་སྔར་ཧ་སྨི་ནས་ཁྲུང་ཆིང་བར་གྱི་ཆན་ཧྥུའུ་±800ཡི་གློག་ཆེན་ཐད་རྒྱུག་གློག་གཏོང་ལས་གྲྭ་འཛུགས་སྐྲུན་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན། 2025ལོར་བསྐྲུན་ཟིན་ནས་འཁོར་རྒྱུག་བྱེད་འགོ་ཚུགས་རྒྱུ་རེད། སྐབས་དེ་དུས་ཤིན་ཅང་གི་གློག་ཤུགས་ཕྱིར་གཏོང་ནུས་པ་ཆན་ཝ་ཁྲི་3300ཟིན་རྒྱུ་དང་ནུས་རྒྱུ་གཙང་མའི་ཕྱིར་གཏོང་གློག་ཚད་ཀྱིས་ཕྱིར་གཏོང་གློག་ཚད་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་བཅུ་ཆ་ལྔ་བར་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།