དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས།

    2024ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་པ་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-13

    ཟླ་7ཚེས་8ནས་10ཉིན་བར། 2024ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་གསུམ་པ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་པེ་ཏའེ་ཧོ་གསོ་སྦྱོང་རྟེན་གཞིར་གཉེར་བ་རེད། ཐེངས་འདིའི་སློབ་སྦྱོང་འཛིན་གྲྭ་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་འཐུས་མིའི་ལས་དོན་ཨུ་ལྷན་དང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྔོན་རྩིས་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། འདེམས་བསྐོའི་ཚན་པ་ཁག་35ནས་ཡོང་བའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་146གིས“སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་དང་གཞུང་ཁོངས་རྒྱུ་ནོར་དོ་དམ་ལྟ་སྐུལ”གྱི་བརྗོད་དོན་གཙོ་བོར་དམིགས་ནས་འགན་སྒྲུབ་སློབ་སྦྱོང་བྱས་པ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྔོན་རྩིས་ལས་དོན་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོས་སློབ་འགོ་ཚུགས་སྐབས་བསྟན་དོན། ཉེ་བའི་ལོ་ཤས་རིང་། ཏང་ཀྲུང་དབྱང་གིས་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་དང་། གཞུང་ཁོངས་རྒྱུ་ནོར་དོ་དམ་ལྟ་སྐུལ། སྲིད་གཞུང་གི་བུ་ལོན་དོ་དམ་ལྟ་སྐུལ་བཅས་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྒྱུར་བཅོས་བྱེད་ཐབས་རབ་དང་རིམ་པ་བཏོན་ཏེ། སྔོན་རྩིས་ཞིབ་བཤེར་ལྟ་སྐུལ་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་དེ་བས་ཆེ་བ་འདོན་རྒྱུར་བླང་བྱ་ཁ་གསལ་བཏོན་ཡོད། སྔོན་རྩིས་དང་། རྒྱལ་ཁབ་ཀྱི་མ་རྩ། བུ་ལོན་ལྟ་སྐུལ་བཅས་ཀྱི་ཆབ་སྲིད་རང་བཞིན་དང་ཆེད་ལས་རང་བཞིན་ཆེ་བས། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭས་ནོར་ཁྲལ་ལས་དོན་དང་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ལྟ་སྐུལ་ཡང་དག་དང་། ལྟ་སྐུལ་ནུས་ལྡན། ཁྲིམས་བཞིན་ལྟ་སྐུལ་བཅས་མཐའ་འཁྱོངས་བྱེད་པར་དམིགས་ནས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་སྔོན་རྩིས་ལས་དོན་ཨུ་ལྷན་དང་ནོར་སྲིད་པུའི་སྔོན་རྩིས་སིའི་འབྲེལ་ཡོད་འགན་འཁུར་བློ་མཐུན་གདན་དྲངས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་སྔོན་རྩིས་དང་། གཞུང་ཁོངས་རྒྱུ་ནོར། བུ་ལོན་ལྟ་སྐུལ། ནོར་ཁྲལ་ཁྲིམས་འཛུགས་བཅས་ཀྱི་ལས་དོན་དང་། དེ་བཞིན་རང་རྒྱལ་གྱི་ནོར་སྲིད་འཁོར་སྐྱོད་དང་ནོར་ཁྲལ་སྒྱུར་བཅོས་སོགས་ཀྱི་ཆེད་དོན་སྙན་ཞུ་བྱས་པ་དང་། འཐུས་མི་ཁག་གཅིག་དང་འབྲེལ་ཡོད་སྡེ་ཚན་སྒྲིག་འཛུགས་བྱས་ནས་མཉམ་དུ་ཕན་ཚུན་བགྲོ་གླེང་བྱས་ཏེ་འཐུས་མིའི་འགན་སྒྲུབ་འཇོན་ཐང་ཆེ་རུ་གཏོང་བ་དང་ལས་ཀའི་སྤུས་ཚད་མཐོ་རུ་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།