དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས།

    འབྲུབ་འགོག་གྲོས་མོལ་བཀོད་གཏོང་སྒྲིག་འཛུགས་རྒྱུན་མཐུད་བྱས་ཏེ་འབྲུབ་འགོག་ཉེན་སེལ་ལ་དམིགས་པའི་རོགས་སྐྱོབ་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-13

    ཟླ་7ཚེས་10ཉིན། རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་སྒྲིག་འཛུགས་ཀྱིས་འབྲུབ་འགོག་གི་ཆེད་དོན་མཉམ་འབྲེལ་གྲོས་མོལ་བྱས་ཤིང་། ཧུའུ་ནན་དང་། སི་ཁྲོན། ཨན་ཧུའེ། ཅང་སུའུ་སོགས་ཞིང་ཆེན་8ལ་བརྙན་ལམ་བཀོད་གཏོང་བྱས་ཏེ། ཉེ་དུས་ཀྱི་ཆར་ཆུ་དང་འབྲུབ་ཆུའི་གནོད་འཚེ་བྱུང་ཚུལ་ལ་དབྱེ་ཞིབ་དང་ཞིབ་གཅོད་བྱས་ཏེ། འབྲུབ་འགོག་ཉེན་སེལ་ལ་དམིགས་པའི་རོགས་སྐྱོབ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་གིས་ཨན་ཧུའེ་དང་། ཅང་ཤིས། ཧུའུ་ནན་བཅས་ལ་དམིགས་ཏེ་འབྲུབ་འགོག་རིམ་པ་གསུམ་པའི་འཕྲལ་སྡོམ་བརྡ་ལན་བཏང་བ་དང་། ཧེ་ལུང་ཅང་དང་། ཧུའུ་པེ། ཅང་སུའུ། སི་ཁྲོན། ཁྲུང་ཆིང་བཅས་ལ་དམིགས་ཏེ་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་རྒྱུན་འཁྱོངས་བྱེད་བཞིན་ཡོད། རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་གིས་དུས་འགོར་མངགས་པའི་ལས་དོན་ཚོགས་ཆུང་5དང་རིགས་གཅིག་མཁས་ཅན་ཚོགས་ཆུང་4ཡིས་ཧུའུ་ནན་དང་། ཧེ་ལུང་ཅང་། ཅང་ཤིས། ཨན་ཧུའེ། ཧུའུ་པེ་སོགས་ཞིང་ཆེན་གྱི་ཉེན་སེལ་རོགས་སྐྱོབ་དང་ཆུ་རགས་ལ་སྐོར་ཞིབ་སོགས་ཀྱི་ལས་དོན་ལ་མུ་མཐུད་གཞོགས་འདེགས་དང་མཛུབ་ཁྲིད་བྱས་ཡོད། རྒྱལ་ཁབ་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཨུ་ལྷན་གྱིས་ཨན་ཧུའེ་དང་ཧུའུ་ནན་ལ་དམིགས་པའི་རྒྱལ་ཁབ་ཀྱི་རིམ་པ་གསུམ་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་དང་ཅང་ཤིས་ལ་དམིགས་པའི་རྒྱལ་ཁབ་ཀྱི་རིམ་པ་བཞི་པའི་གེགས་སེལ་འཕྲལ་སྡོམ་བརྡ་ལན་རྒྱུན་འཁྱོངས་བྱེད་བཞིན་ཡོད།

    ཧུའུ་ནན་ཞིང་ཆེན་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡི་རེ་ཞུ་ལྟར། ཚེས་9ཉིན། རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་གིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་ཁྱོན་བསྡོམས་རིན་ཐང་སྒོར་ཁྲི་3224ཙམ་རི་བའི་ཀྲུང་དབྱང་གི་འབྲུབ་འགོག་ཉེན་སེལ་དངོས་ཟོག་ཛ་དྲག་ངང་གཏོང་སྤྲོད་བྱས་ནས། ཧུའུ་ནན་ཞིང་ཆེན་གྱི་འབྲུབ་འགོག་ཉེན་སེལ་ལས་དོན་ལ་རྒྱབ་སྐྱོར་བྱས་པ་དང་། འཕྲལ་སྡོམ་དོ་དམ་པུས་ཁག་ཐེངས་དང་པོའི་འཁྱིལ་ཆུ་གཤོང་མཁན་ཧུའུ་ནན་ལ་རོགས་སྐྱོར་བྱེད་པར་མངགས་པའི་རྨང་གཞིའི་ཐོག ཚེས་10ཉིན། སླར་ཡང་ཞིང་ཆེན་དང་ས་ཁུལ་སྒྲོལ་ནས་འཁྱིལ་ཆུ་གཤོང་མཁན་419དང་འཁྱིལ་ཆུ་གཤོང་བའི་སྒྲིག་ཆས་ཆ་ཚང་125བཀོད་གཏོང་བྱས་པ་དང་ཆབས་ཅིག མི་མེད་གནམ་གྲུ་སོགས་སྔོན་ཐོན་སྒྲིག་ཆས་མུ་མཐུད་སྤྱི་འདོམས་འཐེན་སྤྱོད་ཀྱིས་ས་གནས་ཀྱི་ཆུ་རགས་ལ་སྐོར་ཞིབ་དང་ཉེན་ཁ་ཞིབ་བཤེར་ལ་གཞོགས་འདེགས་བྱེད་པ་དང་། ཕྲ་གསལ་སྲུང་སྐར་སོགས་སྤྱད་དེ་གཙོ་གནད་ས་ཁོངས་ཀྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་བཞིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།