དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཉི་ཧྲན་འཛམ་གླིང་ཤེས་དཔལ་གླེང་སྟེགས་སྐབས་བཅུ་པ་ཧྲན་ཏུང་ཆུས་ཧྥུའུ་རུ་གཉེར་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-13

    ཟླ་7ཚེས་10ཉིན། “སྲོལ་རྒྱུན་རིག་གནས་དང་དེང་རབས་ཤེས་དཔལ”ཞེས་པ་གྲོས་དོན་གཙོ་བོར་བྱས་པའི་ཉི་ཧྲན་འཛམ་གླིང་ཤེས་དཔལ་གླེང་སྟེགས་སྐབས་བཅུ་པ་ཧྲན་ཏུང་ཆུས་ཧྥུའུ་ཉི་ཧྲན་དུ་གཉེར་ཞིང་། དེའི་དམིགས་ཡུལ་ནི“གོ་ལ་ཧྲིལ་པོའི་ཤེས་དཔལ་གྲོས་འགོ་ལག་ལེན་བསྟར་བ་དང་། མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ”བཅས་ཡིན་པ་མ་ཟད། ད་དུང“གོ་ལ་ཧྲིལ་པོའི་འགྲན་སློང་འོག་གི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་རེས”སོགས་ཀྱི་གྲོས་དོན་ཁག་6བཀོད་སྒྲིག་བྱས་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་གླེང་སྟེགས་ནི་རིག་གནས་དང་ཡུལ་སྐོར་པུའུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་། རྒྱལ་སྤྱིའི་རུའུ་ལུགས་རིག་པ་མཉམ་འབྲེལ་ལྷན་ཚོགས་བཅས་དང་། དེ་བཞིན་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། གླེང་སྟེགས་དེ་ཟླ་7ཚེས་11ཉིན་བར་གཉེར་ཞིང་། དེའི་རིང་གཙོ་དོན་གཏམ་བཤད་དང་། རྩེར་སོན་བགྲོ་གླེང་། གྲོས་དོན་ཕྱེ་ནས་གླེང་མོལ་བྱེད་པ། མཉམ་གཤིབ་གླེང་སྟེགས་སོགས་བྱེད་སྒོ་ཁག་20ལྷག་ཙམ་གཉེར་བ་རེད།

    ཉི་ཧྲན་འཛམ་གླིང་ཤེས་དཔལ་གླེང་སྟེགས་ནི་ཀྲུང་གོའི་གནའ་རབས་ཀྱི་རླབས་ཆེན་གྱི་བསམ་བློ་མཁས་ཅན་དང་སློབ་གསོ་མཁས་ཅན་ཁུང་ཙིའི་འཁྲུངས་ཡུལ་ཉི་ཧྲན་གྱི་མིང་ཐོག་ནས་བཏགས་པ་ཞིག་ཡིན་ཞིང་། གླེང་སྟེགས་སྐབས་དང་པོ་དེ་2010ལོའི་ཟླ་9པར་འཚོགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།