བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་ཡུན་ནན་པའོ་ཧྲན་སློབ་གླིང་གིས་ལོ་གསུམ་བསྟུད་མར་འཕྲིན་ཡིག་བསྐུར་རེས་ཀྱི་བྱེད་སྒོ་སྤེལ་ཏེ།ཏང་ཡོན་ལས་བྱེད་པ་དང་སློབ་མ་160ལྷག་ཙམ་གྱིས་འཕྲིན་ཡིག་སྨྱན་བྱེད་དུ་བྱས་ནས་སེམས་པ་གཅིག་མཐུན་ཡོང་བ་དང་ཡུན་བ
འཕྲིན་ཡིག་ཐུང་ངུ་ལས་ཡུན་བོད་གཉིས་ཀྱི་མཚོ་ལས་ཟབ་པའི་བརྩེ་བ་མཚོན།
“ང་ཚོར་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཏང་ཡོན་ལས་བྱེད་པའི་འཕྲིན་ལན་འབྱོར་བྱུང”ཏང་དབུ་བརྙེས་ནས་ལོ་103འཁོར་བའི་མཚམས་འདིར་ཡུན་ནན་ཞིང་ཆེན་པའོ་ཧྲན་སློབ་གླིང་སློབ་གསོ་སློབ་གླིང་གི་མིང་ཁྲེང་ཐོག་ཁང་གི་341སློབ་ཁང་ནང་འཁྲུག་ཆ་ཤིན་ཏུ་དོད། དེ་ཞིབ་པར་བརྗོད་ན་སློབ་མ་ཚོར་སྤྱི་ལེ་2300ལྷག་ཙམ་གྱི་སར་ཡོད་པའི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ནས་བསྐུར་བའི་འཕྲིན་ཡིག་འབྱོར་བས་རེད།
སློབ་ཁང་ནང་སློབ་མ་ཚོས་འཕྲིན་ཡིག་གི་ནང་དོན་ཕན་ཚུན་ཀློག་རེས་བྱེད་བཞིན་དགའ་སྤྲོས་རབ་ཏུ་མྱོས། “འདི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་ཡོད་པའི་པར་རེད་འདུག” “འདི་ནི་སྣེ་གདོང་ཆུས་ཡར་སྟོད་ཤང་གི་ཡར་ལྷ་ཤམ་པོ་རེད་འདུག”ལ་སོགས།
འཕྲིན་ལན་ནང་ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཏང་ཡོན་ལས་བྱེད་པས་སློབ་མ་ཚོ་དང་རང་རང་སོ་སོའི་མྱོང་བ་དང་། ལས་ཀ འཚོ་བ་བཅས་ལྷུག་པོར་གླེང་ བ་དང་། མཐའ་སྲུང་སྔོན་གཤེགས་དཔའ་བོ་ཁྲེན་ཞང་རུང་གིས“དྭངས་གཙང་གི་བརྩེ་སེམས་ཀྲུང་གོར་འབུལ”དང “དབྱང་ཐིང་ཨན་པན”གྱི་འཐབ་འཛིང་པས་ཚེ་སྲོག་དང་ཁྲག་དྲོན་ལ་བརྟེན་ནས“དཀའ་ངལ་ལ་མི་སྐྲག་པ་དང་འཆི་རྒྱུར་མི་སྐྲག་པའི”སྙིང་སྟོབས་ལག་ལེན་བསྟར་བ་སོགས་ཀྱི་གཏམ་རྒྱུད་བརྗོད་པ་མ་ཟད། ད་དུང་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་དང་། སྣ་དཀར་རྩེ་རྫོང་། མཚོ་སྣ་གྲོང་ཁྱེར་སོགས་རྫོང(ཆུས་དང་གྲོང་ཁྱེར)གི་ལྟ་ན་སྡུག་པའི་མཛེས་ལྗོངས་དང་ཡུལ་སྲོལ་གོམས་གཤིས་ངོ་སྤྲོད་བྱས་པ་ལ་སོགས། མཛའ་ཞིང་བརྩེ་བའི་ཡིག་འབྲུ་རེ་རེ་ལས་སློབ་མ་ཚོར་ཟོལ་མེད་ཀྱི་འཚམས་འདྲི་བྱེད་ལུགས་མཚོན་གྱི་ཡོད་ལ། ཀྲུང་ཧྭ་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བའང་མཚོན་གྱི་ཡོད།
ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་བསོད་ནམས་དོན་གྲུབ་ཀྱིས་འཕྲིན་ལན་ནང“སློབ་གྲོགས་ཙོའུ་ཅིང་ལགས། ཁྱེད་ཀྱི་འཕྲིན་ཡིག་དང་ལག་ཤེས་བརྩམས་ཆོས་ང་ལ་འབྱོར་བྱུང་། མ་གཞི་ང་ཚོ་ཕན་ཚུན་འཕྲད་མྱོང་མེད་མོད། འོན་ཀྱང་ཁྱེད་ཀྱི་འཕྲིན་ཡིག་ལས་ཁྱེད་ནི་སློབ་མ་ཕུལ་བྱུང་ཞིག་ཡིན་པ་ཚོར་གྱི་འདུག ཁྱེད་དང་འཕྲིན་ཡིག་ལམ་ནས་སྙིང་གཏམ་གླེང་རྒྱུ་བྱུང་བར་ང་ཧ་ཅང་དགའ་པོ་བྱུང་། ད་ཆ་བོད་ཀྱི་མི་རིགས་ཁག་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་ནང་སེ་འབྲུའི་གོང་བུ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་ཏེ་གང་ས་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་རྣམ་པ་མངོན་བཞིན་ཡོད། ཁྱེད་རང་ལྷོ་ཁར་ཡོང་བར་དགའ་བསུ་ཞུ་གི་ཡིན”ཞེས་བྲིས་ཡོད།
“སློབ་གྲོགས་མ་ཝུན་ནཱ་ལགས། ཁྱེད་ཀྱིས་འཕྲིན་ཡིག་བསྐུར་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཁྱེད་ཀྱིས་རང་ཉིད་ཀྱི་ཕ་ཡུལ་སྐོར་ཞིབ་འབྲི་བྱས་པ་མཐོང་རྗེས་ང་ཡུན་ནན་དུ་འགྲོ་འདོད་ཆེན་པོ་བྱུང”ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་རིམ་བཞིའི་བརྟག་ཞིབ་པ་ཡན་ཡན་གྱིས་འཕྲིན་ལན་ནང་རང་ཉིད་ཀྱིས་ཡུན་ནན་ལ་བཅངས་པའི་ཡིད་སྨོན་དང་གོ་སྐབས་བྱུང་ཚེ་ཡུན་ནན་ཏ་ལིའི་ཚང་ཧྲན་ཨར་ཧའེ་དང་། པའོ་ཧྲན་གྱི་ཧྲན་ཀྲོའུ་ནགས་ར། ཐེང་ཁྲུང་གི་ངོ་མཚར་ཆེ་བའི་ཚ་མཚོ་བཅས་ལ་ལྟ་སྐོར་བྱེད་པར་ཡོང་གི་ཡིན་ཞེས་བྲིས་ཡོད།
ལྷོ་ཁ་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་དང་པའོ་ཧྲན་སློབ་གླིང་གིས“མཐའ་མཚམས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས། བློ་སེམས་གཅིག་ཏུ་བསྒྲིལ་ནས་ལེའུ་གསར་རྩོམ”ཞེས་པའི་འཕྲིན་ཡིག་སྤེལ་རེས་བྱེད་སྒོ་མཉམ་དུ་སྤེལ་བ་ནི་པའོ་ཧྲན་སློབ་གླིང་གིས“ཀུན་སེམས་གཅིག་ཏུ་སྒྲིལ། མཉམ་དུ་མི་སྣ་སྐྱོང་བའི”བསམ་བློ་ཆབ་སྲིད་ལས་དོན་གྱི་རྣམ་པ་ཟབ་མོ་གཏོད་པའི་གཞི་རྟེན་ཞིག་རེད། པའོ་ཧྲན་སློབ་གླིང་སློབ་གསོ་སློབ་གླིང་གི་ཡོན་ཀྲང་ཞི་ལིན་གྱིས“ཏང་དབུ་བརྙེས་ནས་ལོ་103འཁོར་བའི་མཚམས་འདིར་འཕྲིན་ཡིག་སྤེལ་རེས་བྱེད་སྒོ་སྤེལ་བར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་འདུག ཡུན་བོད་ས་གནས་གཉིས་ཀྱི་ཏང་ཡོན་ལས་བྱེད་པ་དང་གཞོན་ནུ་ལོ་ཆུང་སློབ་མའི་དབར་འབྲེལ་གཏུག་སྤེལ་རེས་བྱེད་ལམ་ཞིག་བསྐྲུན་པ་མ་ཟད། ཡུན་བོད་ས་གནས་གཉིས་ཀྱི་མཛའ་གྲོགས་ཟབ་མོ་སྔར་བས་ཟབ་ཏུ་དང་མི་རིགས་མཐུན་སྒྲིལ་ཆེན་པོར་སྐུལ་འདེད་སྔར་ལས་ལྷག་པ་བཏང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
པའོ་ཧྲན་སློབ་གླིང་སློབ་གསོ་སློབ་གླིང་གི་སློབ་མ་ཞུང་ཙེ་ལན་གྱིས“འཕྲིན་ཡིག་ལས་ས་བཀྲ་དང་སློབ་དེབ་ནས་མཐོང་བའི་བོད་ལྗོངས་དངོས་སུ་མཐོང་བ་ལྟ་བུ་བྱུང་སྟེ་སློབ་གྲོགས་ཚོས་སློབ་སྦྱོང་ཧུར་ཐག་བྱེད་པའི་སྒུལ་ཤུགས་སུ་གྱུར་སོང་། ང་ཚོ་ཚང་མས་སློབ་གྲྭ་ཐོན་རྗེས་ངེས་པར་དུ་བོད་དུ་ཕྱིན་ནས་རི་བོ་ཧི་མ་ལ་ཡའི་བརྗིད་ཉམས་དང་། ཆུ་བོ་ཡར་ཀླུང་གཙང་པོའི་དྭངས་གཙང་། མུ་ལ་མུ་འབྲེལ་གྱི་རི་བོའི་ཉམས་འགྱུར་བཅས་མྱོང་རོལ་བྱེད་ཀྱི་ཡིན”ཞེས་བཤད།
འཕྲིན་ཡིག་ཐུང་ངུས་བརྩེ་སེམས་གཅིག་ཏུ་སྦྲེལ། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ། འཕྲིན་ཡིག་དག་ལས་ཡུན་བོད་ས་གནས་གཉིས་དབར་བརྩེ་སེམས་ཟབ་མོ་ལྡན་པ་མཚོན་གྱི་ཡོད།