དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • པེ་ཅིང་གིས་བོད་ལ་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་བརྗོད་དོན་གཙོ་བོའི་འཁྲབ་སྟོན་པེ་ཅིང་དུ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-13

    འདི་ནི་རིག་རྩལ་འཁྲབ་སྟོན་བྱ་ཡུལ་ཡིན་པ།

    ཟླ་7ཚེས་9དང་ཚེས་10ཉིན་གྱི་དགོང་མོར། པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་པེ་ཅིང་བོད་སྐྱོར་བཀོད་འདོམས་པུས་བོད་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་དང་། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་མཉམ་དུ་གཉེར་བའི“པེ་ཅིང་གིས་བོད་ལ་རོགས་སྐྱོར་བྱས་ནས་ལོ་30འཁོར་བ་དང་། 2024ལོའི་པེ་ཅིང་དང་ལྷ་སའི་དབར‘གཅིག་སེམས་གཅིག་འབྲེལ’གྱི་སྒྱུ་རྩལ་གཟའ་འཁོར་གྱི་རིག་རྩལ་སྐོང་འཁྲབ་བྱེད་སྒོ”པེ་ཅིང་སྒྱུ་རྩལ་ལྟེ་གནས་ཟློས་གར་ཁང་དུ་གཉེར་ཞིང་། འཁྲབ་སྟོན་བྱེད་སྒོའི་རིང་། བོད་ལ་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་བརྗོད་དོན་གཙོ་བོར་དམིགས་ནས། གསར་རྩོམ་ཞིབ་ཚགས་བྱས་པའི་ལེ་ཚན་བརྒྱུད་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་དང་དུས་རབས་གསར་པའི་བོད་སྐྱོར་དགོངས་པ་སྔར་བས་དར་སྤེལ་བཏང་ནས་པེ་ཅིང་གི་ས་གཞི་ཆེན་པོ་དང་གངས་ལྗོངས་ས་མཐོར་ལག་གདང་སྦྲེལ་བའི་མི་སེམས་འགུལ་བའི་གཏམ་རྒྱུད་བརྗོད་དེ། ས་གནས་གཉིས་ཀྱི་མི་དམངས་ཀྱིས་དུས་རབས་གསར་པར་ལག་གདང་སྦྲེལ་ནས་མདུན་དུ་སྐྱོད་པ་དང་འབད་འཐབ་མདུན་སྐྱོད་བྱེད་པའི་བརྩེ་བ་དང་མཛའ་གྲོགས་ཟབ་མོར་བསྟོད་གླུ་ཕུལ་ཡོད།

    ད་ཐེངས་ཀྱི་རིག་རྩལ་སྐོང་འཁྲབ་ལས་པེ་ཅིང་མི་དམངས་ཀྱིས་ལྷ་སའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བཅངས་པའི་བརྩེ་བ་ཟབ་མོ་དང་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པས་གངས་ལྗོངས་ས་མཐོར་དགའ་ཞེན་དང་བརྩེ་བ་འཆང་ལུགས་མངོན་པ་མ་ཟད། བོད་སྐྱོར་ལས་བྱེད་པས་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བའི་སྙིང་སྟོབས་དང་འོད་སྟོང་འཕྲོ་བའི་བྱ་གཞག་གཏོད་ལུགས་བརྗོད་ནས་པེ་ཅིང་དང་ལྷ་སའི་མི་དམངས་ཀྱིས་འབད་འབུངས་མདུན་སྐྱོད་དང་འབྱུང་འགྱུར་མཉམ་དུ་གཏོད་པའི་མཛེས་སྡུག་དཔེ་རིས་བཀོད་ཡོད། ད་ཐེངས་ཀྱི་འཁྲབ་སྟོན་ལ་ད་དུང་པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་བྱེད་པ་དང་ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་དར་རོང་འབག་དཀར་པོའི་ལྷ་མོ་ཚོགས་པ་སོགས་ཀྱི་དམངས་ཁྲོད་རིག་རྩལ་ཚོགས་པ་གདན་དྲངས་ནས་འཁྲབ་སྟོན་བྱས་ཏེ་པེ་ཅིང་དང་ལྷ་ས་ས་གནས་གཉིས་ཀྱི་མཉམ་སྤྲོ་ཆེན་པོའི་རྟེན་འབྲེལ་གྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།