དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • བརྩེ་སེམས་ཟབ་མོས་ས་མཐོར་དྲོ་སྐྱིད་སྦྱིན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-13

    ཟླ་7ཚེས་10ཉིན“སྤྱན་ཟུང་ཤེལ་གྱི་སྒོ་ང་། ཚེམས་དཀར་དུང་གི་ཕྲེང་བ”ཞེས་པའི་ས་མཐོར་སྐྱོད་དང“ལྷ་རིར་དྲོ་སྐྱིད་སྦྱིན་པའི”སྤྱི་ཕན་སྨན་བཅོས་ལྟེ་གནས་བཙུགས་པའི་བྱེད་སྒོའི་མཛད་སྒོ་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་དུ་གཉེར་བ་རེད།

    མཛད་སྒོའི་ཐོག་དབུན་ཀྲོའུ་གསོ་རིག་ཚན་ཁག་སློབ་ཆེན་ཞོར་གཏོགས་མིག་ཤེས་འོད་སྣང་སྨན་ཁང་དང་དབུན་ཀྲོའུ་གསོ་རིག་ཚན་ཁག་སློབ་ཆེན་ཞོར་གཏོགས་ཁ་ནད་སྨན་ཁང་གིས་ནག་ཆུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང“སྤྱན་ཟུང་ཤེལ་གྱི་སྒོ་ང་། ཚེམས་དཀར་དུང་གི་ཕྲེང་བ”ཞེས་པའི་ནག་ཆུ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ལ་རོགས་སྐྱོར་བྱེད་པའི་ལོ་གསུམ་བྱ་སྤྱོད་འཆར་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་རེད། དབུན་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ལྷ་རི་རྫོང་མི་དམངས་སྲིད་གཞུང་དབར་སྨན་བཅོས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་བཞག་པ་རེད། དབུན་ཀྲོའུ་གྲོང་ཁྱེར་ཐེན་ཨའེ་སྤྱི་ཕན་མཐུན་ཚོགས་དང་། བོད་ལྗོངས་ཧྲེན་ལི་ཁེ་ལས་ཚོགས་པ། ལྷ་རི་རྫོང་མི་དམངས་སྨན་ཁང་བཅས་དབར“གཅེས་སེམས་ལ་བརྟེན་ནས་མིག་ཟུང་བསྐྱར་མཐོང”གི་རྣམ་གྲངས་བོད་ལྗོངས་ནག་ཆུར་བསྐྱོད་པའི(ལྷ་རི)གྲོས་མཐུན་ཡི་གེར་མིང་རྟགས་བཀོད་པ་རེད། གཞན་ཡང་། “ལྷ་རིར་དྲོ་སྐྱིད་སྦྱིན་པའི”སྤྱི་ཕན་སྨན་བཅོས་ལྟེ་གནས་དང་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གི་སྒལ་རུས་ནད་སྔོག་འགོག་ལྟེ་གནས་ལ་བྱང་བུ་སྤྲད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “སྤྱན་ཟུང་ཤེལ་གྱི་སྒོ་ང་། ཚེམས་དཀར་དུང་གི་ཕྲེང་བ”ཞེས་པའི་ས་མཐོར་སྐྱོད་པའི་བྱེད་སྒོས་མ་འོངས་ལོ་3ནང་ཚུན་དུ་ནག་ཆུའི་ཞིང་འབྲོག་མང་ཚོགས་ལ་སྤུས་ལེགས་ཀྱི་མིག་ནད་ཚན་ཁག་དང་ཁ་ནད་སྨན་བཅོས་ཀྱི་ཞབས་འདེགས་ཞུ་རྒྱུ་ཡིན་པ་དང་དེའི་ནང་སྨན་རིན་མི་དགོས་པའི་སྐྱ་འགྲིབ་སེལ་བ་དང་། མིག་སྐྱི་རྩ་སྤོས། ཁ་ཤོ་རྐན་ཤོ་གཤགས་བཅོས་སོགས་ཀྱི་སྨན་བཅོས་ཚུད་ཡོད། “ལྷ་རིར་དྲོ་སྐྱིད་སྦྱིན་པའི”སྤྱི་ཕན་སྨན་བཅོས་ལྟེ་གནས་ཀྱིས“ལྷ་རིར་གང་མཁོ་ན་དབུན་ཀྲོའུ་ཡིས་དེ་སྤྲོད་པའི”གཞི་རྩའི་རྩ་དོན་ལྟར་སྨན་བཅོས་རོགས་སྐྱོར་ལ་དམིགས་ནས་ས་གནས་གཉིས་ཀྱི་སྨན་བཅོས་ལག་རྩལ་སྤེལ་རེས་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་ནུས་ཤུགས་ཡོད་རྒུས་བསྲུངས་ཡོད།

    ཀྲེ་ཅང་ཞིང་ཆེན་བོད་སྐྱོར་བཀོད་འདོམས་པུའུ་ཏང་ཨུད་ཀྱི་ཧྲུའུ་ཅི་བཀོད་འདོམས་པ་ཏུང་ཤུས་པིན་གྱིས། སྨན་བཅོས་རོགས་སྐྱོར་གྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱེད་པར“ལྷ་རིར་དྲོ་སྐྱིད་སྦྱིན་པའི”སྤྱི་ཕན་སྨན་བཅོས་ལྟེ་གནས་དེ་ཀྲེ་ཅང་བོད་སྐྱོར་གྱི་བཀྲག་མདངས་འཚེར་ས་དང་མིང་བྱང་ཞིག་ལ་བཏོད་ནས་སྤྱི་ཕན་སྨན་བཅོས་རོགས་སྐྱོར་རྒྱུན་རྣམ་ཅན་དུ་འགྱུར་བར་བྱས་ཏེ་ས་གནས་དེ་གའི་མི་སེར་ལ་དངོས་འབྲེལ་ཕན་ཐོགས་པར་བྱེད་དགོས་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།