དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འཛམ་གླིང་ཐོག་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་ཀྱི་རླུང་འཁོར་དང་པོ་འདེགས་སྒྲིག་ཟིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-13

    འདི་ནི་རླུང་འཁོར་འདེགས་སྒྲིག་བྱ་ཡུལ་ཡིན་པ།

    ཟླ་7ཚེས་10ཉིན། བོད་ལྗོངས་དཔའ་ཤོད་རྫོང་སྤོམ་མདའ་གྲོང་རྡལ་མཁར་བ་འཕེལ་ཁྱིམ་ཤང་དུ་རླངས་འཁོར་འདེགས་ཆས་ཀྱིས་ལྗིད་ཚད་ཏུན་110ལྷག་ཙམ་ཟིན་པའི་རླུང་འཁོར་འདབ་འཁོར་གྱི་ལྷུ་ལག་མཐོ་ཚད་སྨི་110བར་དལ་བུར་བཏེགས་ནས་འཕྲུལ་འཁོར་ཁང་དང་གནད་ལ་འཁེལ་པོས་འབྲེལ་མཐུད་བྱས་པ་དང་བསྟུན་ནས། འཛམ་གླིང་ཐོག་སྐྲུན་བཞིན་པའི་ས་བབ་མཐོ་ཤོས་ཀྱི་རླུང་གློག་རྣམ་གྲངས་སྟེ་ཏ་ཐང་བོད་ལྗོངས་དཔའ་ཤོད་ཀྱི་ཀྲའོ་ཝ་100ཡི་འགན་ལེན་རང་བཞིན་གྱི་དྲ་སྦྲེལ་རླུང་གློག་རྣམ་གྲངས་ཀྱི་རླུང་འཁོར་དང་པོའི་འདེགས་སྒྲིག་ལས་དོན་ལེགས་གྲུབ་ཟིན་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་ཀྱི་རླུང་འཁོར་འཁོར་མདའ་བརྒྱུ་སྣོད་ཀྱི་ལྟེ་བའི་མཐོ་ཚད་ལ་སྨི་110ཟིན་པ་དང་། འདབ་འཁོར་གྱི་ཚངས་ཐིག་ལ་སྨི་195ཟིན་གྱི་ཡོད། རྣམ་གྲངས་ཐོན་སྐྱེད་བྱེད་འགོ་ཚུགས་རྗེས། ལོ་ལྟར་གློག་ཆུ་ཚོད་ཆན་ཝ་དུང་ཕྱུར་2.23ཡན་འཕར་ནས་ལོ་ལྟར་ཚད་ལྡན་རྡོ་སོལ་ཏུན་ཁྲི་7.31ཙམ་གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་མུ་ཟི་འབུད་ཚད་ཏུན་621.39ཙམ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་18.28ཙམ་ཉུང་དུ་ཕྱིན་ཏེ། མི་རིགས་ཁག་གི་མང་ཚོགས་ལ་དགུན་དུས་དྲོད་རླངས་མཁོ་འདོན་དང་གློག་ཤུགས་བདེ་འཇགས་མཁོ་སྤྲོད་བྱེད་པར་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།