དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱིས་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་ཁག་དང་པོ་ནེ་པ་ལར་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-13

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་ཡར་ཆུ་ཨར་སྐྲུན་རྒྱུ་ཆ་གསར་པ་ཚད་ཡོད་ཀུང་སིས་ཐོན་སྐྱེད་བྱས་པའི་ལྗང་མདོག་ཨར་སྐྲུན་རྒྱུ་ཆ་ཡར་ཆུ་རྟགས་ཅན་གྱི་ཨར་འདམ་སྐྱིད་གྲོང་འགག་སྒོ་ནས་བདེ་བླག་ངང་ནེ་པ་ལར་བཏང་བ་ལས། བོད་ཀྱིས་ལྗང་མདོག་ཨར་སྐྲུན་རྒྱུ་ཆའི་ཐོན་རྫས་ཁག་དང་པོ་དུས་གཏན་རླངས་འཁོར་ལ་བླུགས་ནས་རྒྱལ་ཁོངས་སྒྲོལ་བའི་གཞུང་ལམ་རྒྱུད་གཞི་ཁྱོན་ཅན་གྱི་ཕྱིར་གཏོང་བྱེད་འགོ་ཚུགས་པ་མཚོན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་ལྗང་མདོག་ཨར་སྐྲུན་རྒྱུ་ཆའི་ཐོན་རྫས་ཕྱིར་གཏོང་བྱེད་འབོར་ཏུན་8000ཙམ་ཟིན་པ་དག་ཁག་བགོས་ནས་ནེ་པ་ལར་བཏང་སྟེ་ནེ་པ་ལར་རོགས་སྐྱོར་བྱེད་པའི་རྣམ་གྲངས་འཛུགས་སྐྲུན་ལ་སྤྱོད་རྒྱུ་ཡིན་པ་རེད།

    “ད་ལོ་ནས་བཟུང་། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་། འགག་སྒོ་སྒྲོལ་བའི་ནུས་པ་མཐོ་རུ་གཏོང་བ། མཐའ་མཚམས་ཉོ་ཚོང་སླར་གསོ་བྱེད་པ། ཕྱིར་གཏོང་ནང་འདྲེན་གྱི་སྣ་ཁ་རྒྱ་ཆེར་གཏོང་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ལས་སྟེགས་སྐྲུན་པ་སོགས་ཕྱི་ཕྱོགས་ཚོང་དོན་གྱི་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བའི་ལས་དོན་ལ་ང་ཚོས་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁེ་ལས་དེ་ལས་མང་བས་རྒྱལ་མཚམས་བསྒྲལ་ནས་ཁྲོམ་ར་རྒྱ་སྐྱེད་དང་མངགས་ཐོ་འགུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན”ཞེས་གཞིས་རྩེ་གྲོང་ཁྱེར་ཚོང་དོན་ཅུས་ཀྱི་འགན་འཁུར་བས་བཤད་ཅིང་། ལོ་སྟོད་དུ་གཞིས་རྩེ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཚོང་དོན་གྱི་ཁེ་ལས་12སྒྲིག་འཛུགས་བྱས་ནས་ནེ་པ་ལའི་ཀ་ཏ་མན་རྡུར་ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་ངོ་འཕྲད་གྲོས་མོལ་སྐབས་བཅུ་བདུན་པའི་ཚོང་འདུས་བྱེད་སྒོར་ཞུགས་ཡོད། གོམ་སྟབས་རྗེས་མར། ཁེ་ལས་གཙོ་བོ་རེ་རེ་བཞིན་ལ་བཅར་འདྲི་བྱས་ནས་ཕྱི་རྒྱལ་དང་རྒྱལ་ནང་གི་ཚོང་དོན་དངོས་ཟོག་གི་སྣ་ཁ་དང་དབོར་འདྲེན་བྱེད་ཐབས་མཐིལ་རྟོགས་བྱས་ཏེ་ཁེ་ལས་ཀྱིས་རྒྱལ་སྤྱིའི་ཟོག་འགྲེམས་བགྲོད་ལམ་གྱི་དབོར་འདྲེན་ལས་སྟེགས་ནུས་ཆེ་དང་སྟབས་བདེའི་ངང་སྤྱོད་ཐུབ་རྒྱུར་རོགས་རམ་གྱིས་ཁྲོམ་རའི་སྒོ་མོ་རྒྱུན་མཐུད་འབྱེད་པ་དང་། མ་གནས་དམའ་རུ་གཏོང་བ། ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ནས“བགྲོད་ལམ་དཔལ་འབྱོར”ནས“འགག་སྒོའི་དཔལ་འབྱོར”ལ་འགྱུར་བར་སྐུལ་འདེད་བཏང་སྟེ། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་གཞིས་རྩེའི་སྒོ་དབྱེའི་ལྟེ་བའི་གྲོང་ཁྱེར་གྱི་སྒུལ་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།