དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་གྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་གཞུང་ལས་ཁང་གིས།

    རིག་དངོས་ཡོངས་བཤེར་དང་རིག་དངོས་བདེ་འཇགས་དོ་དམ་གྱི་ཆེད་དོན་དྲིལ་བསྒྲགས་ཀྱི་གསོ་སྦྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-12

     ཉེ་ཆར། ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས(གཤམ་དུ“རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་གཞུང་ལས་ཁང”ཞེས་བསྡུ་རྒྱུ)རྫོང(ཆུས)དུ་བསྐྱོད་དེ་དུས་ཡུན་ཉིན་4རིང་གི་རིག་དངོས་ཡོངས་བཤེར་དང་རིག་དངོས་བདེ་འཇགས་དོ་དམ་གྱི་ཆེད་དོན་དྲིལ་བསྒྲགས་ཀྱི་གསོ་སྦྱོང་བྱས་པ་རེད།

    གསོ་སྦྱོང་གི་ནང་དོན་གྲས་སུ། རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་ལས་འགན་ཁག་གི་བླང་བྱ་དང་། ལག་རྩལ་གྱི་ཚད་གཞི། བཀོལ་སྤྱོད་ཀྱི་ཚད་གཞི་བཅས་ཚུད་ཡོད་པ་དང་། ཇི་ལྟར་བྱས་ཏེ་ཡོངས་བཤེར་ལས་དོན་གནད་ལ་འཁེལ་ཞིང་ཕྱོགས་ཡོངས་ནས་སྤེལ་ཏེ་རིག་དངོས་ཀྱི་ཆ་འཕྲིན་ཆ་ཚང་བ་དང་གནད་ལ་འཁེལ་པོ་ཡོང་བར་བྱེད་དགོས་པའི་སྐོར་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད། གསོ་སྦྱོང་རིང་སློབ་ཁྲིད་དགེ་རྒན་གྱིས་ད་དུང་ས་ཁོངས་ཀྱི་ཁྱད་ཆོས་ལ་གཞིགས་ཏེ་རྒྱ་སྐད་དང་བོད་སྐད་གཉིས་ཀྱི་ཐོག་ནས་རིག་དངོས་ཡོངས་བཤེར་གྱི་དོན་སྙིང་དང་དམིགས་ཡུལ་དང་། རིག་དངོས་ཡོངས་བཤེར་གྱི་ཁྱབ་ཁོངས། ཡོངས་བཤེར་གྱི་ཐབས་རྩལ། རིག་དངོས་སྲུང་སྐྱོང་དང་ཉམས་གསོ་སོགས་ཐད་ཀྱི་ཤེས་བྱ་འགྲེལ་བཤད་གསལ་པོ་བརྒྱབ་པ་རེད། གསོ་སྦྱོང་ནང་ཞུགས་མཁན་ཚོས་མཉམ་འགུལ་ཧུར་ཐག་བྱས་ནས་རྒྱུན་གཏན་གྱི་ལས་ཀར་འཕྲད་པའི་གནད་དོན་ཐད་དགེ་རྒན་དང་ཚ་ཚ་འུར་འུར་ངང་གྲོས་བསྡུར་དང་སྤེལ་རེས་བྱས་པ་རེད།

    ལྷ་ས་གྲོང་ཁྱེར་གྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པའི་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ད་ཐེངས་ཀྱི་དྲིལ་བསྒྲགས་གསོ་སྦྱོང་མུ་མཐུད་གོ་སྐབས་སུ་བྱས་ནས་ཉམས་མྱོང་ཕྱོགས་སྡོམ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། གསོ་སྦྱོང་གི་ཁྱབ་རྒྱ་ཆེ་རུ་གཏོང་བ། གཞི་རིམ་གྱི་རིག་དངོས་ལས་དོན་པའི་སྤྱི་ཡོངས་ཀྱི་བྱང་ཚད་དང་ལས་སྒོའི་ཆུ་ཚད་མཐོ་རུ་གཏོང་བ། རིག་དངོས་ཡོངས་བཤེར་དང་རིག་དངོས་བདེ་འཇགས་དོ་དམ་གྱི་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལྷ་ས་གྲོང་ཁྱེར་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།