དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས།

    ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པའི་ཆེད་ལས་བྱང་ཚད་མཐོ་རུ་གཏོང་བར་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-12

    ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་མཚོ་སྣ་གྲོང་ཁྱེར་དུ་དུས་ཡུན་ཉིན་གསུམ་གྱི་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱི་གསོ་སྦྱོང་ཞིག་གྲུབ་འབྲས་ལྡན་པའི་ངང་གཉེར་བ་དང་། གསོ་སྦྱོང་དེ་འདྲ་ཞིག་གཉེར་དོན་ནི་གཞི་རིམ་གྱི་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་པའི་ཆེད་ལས་ཀྱི་བྱང་ཚད་དང་རྩལ་ནུས་ཀྱི་ཆུ་ཚད་མཐོ་རུ་གཏོང་ཆེད་ཡིན་ཞིང་། ད་ཐེངས་ཀྱི་གསོ་སྦྱོང་ལ་ཞིང་འབྲོག་པའི་ཚན་རྩལ་ཆེད་མངགས་པ་19ཞུགས་ཡོད་པ་རེད།

    ལྟ་སྐོར་སློབ་སྦྱོང་བྱེད་རིང་། གསོ་སྦྱོང་ཚོགས་ཆུང་གིས་སློབ་མའི་སྣེ་ཁྲིད་དེ་ལྷུན་རྩེ་རྫོང་གི་ཞིང་ལས་ཚན་རྩལ་ཁེ་ལས་སུ་རྟོག་ཞིབ་བྱས་པ་རེད། ལྗང་མདོག་དང་བདེ་ཐང་སྔོ་ཚལ་ཀུང་སིར་སློབ་མས་སྔོ་ཚལ་དྲོད་ཁང་ཆེན་པོའི་འདེབས་འཛུགས་ལག་རྩལ་གྱི་བརྒྱུད་རིམ་དངོས་སུ་ཉམས་ལེན་བྱས་པ་དང་འབྲེལ། མྱུག་གསོ་རྩྭ་སྤོས་སོགས་ཀྱི་ཉེར་མཁོའི་ལག་རྩལ་ལག་ལེན་དངོས་སུ་བཀོལ་སྤྱོད་བྱས་པ་རེད། གཉལ་གཞུང་དཀར་ཆུའི་ལས་རིགས་ཀུང་སིའི་དེང་རབས་ཅན་གྱི་བཞོན་མ་གསོ་ཚགས་ཀྱི་ལག་རྩལ་དང་གཞི་ཁྱོན་གྱིས་སློབ་མའི་མཐོང་རྒྱ་ཇེ་ཆེར་བསྐྱེད་ཡོད། མང་མཚོའི་འདེབས་འཛུགས་རྟེན་གཞིར་ནས་འདེབས་འཛུགས་རིགས་གཅིག་མཁས་ཅན་གྱིས་བརྒྱབ་པའི་ངོ་མཚར་ཆེ་བའི་འགྲེལ་བཤད་བརྒྱུད། སློབ་མ་ཚོས་ས་བ་ཚྭ་ཅན་ལའང་ནས་ནག་འདེབས་ཆོག་པ་གསལ་པོར་ཤེས་ཤིང་། གཞན་ཡང་། སློབ་མ་ཚོས་ད་དུང་བོད་ལྗོངས་འབྲུ་སོན་ཞིང་ལས་གསར་སྤེལ་ཚད་ཡོད་ཀུང་སིའི་ནས་ཆང་ཐོན་སྐྱེད་འཁོར་ཁང་དུ་ལྟ་སྐོར་བྱས་པ་བརྒྱུད། ས་གནས་དེ་གའི་ནས་ཀྱི་ཐོན་ལས་འཁོར་སྦྲེལ་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་སྟངས་ཐད་རྒྱུས་མངའ་ངེས་ཅན་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།