དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • འདམ་གཞུང་རྫོང་གིས།

    “ཀྲི་པུའུ་ཧྲུའུ་ཅིའི་འཆད་ཁྲིད”གཉེར་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྤེལ་རེས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-12

    ཉེ་ཆར། འདམ་གཞུང་རྫོང་གིས“ཀྲི་པུའུ་ཧྲུའུ་ཅིའི་འཆད་ཁྲིད”གཉེར་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་སྤེལ་རེས་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུར་འདམ་གཞུང་རྫོང་དབུ་མ་ཐང་ཤང་གི་ལས་ཁུངས་ཏང་ཀྲི་པུའི་ཧྲུའུ་ཅི་དང་། འདམ་གཞུང་རྫོང་དམིགས་བསལ་ཉེན་རྟོག་རུ་ཆེན་གྱི་ཏང་ཀྲི་པུའི་ཧྲུའུ་ཅི། ཡངས་པ་ཅན་གྲོང་རྡལ་ལྟེ་བའི་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི། འདམ་གཞུང་རྫོང་ནོར་སྲིད་ཅུས་ཀྱི་ཏང་ཀྲི་པུའི་ཧྲུའུ་ཅི། འདམ་གཞུང་རྫོང་སྨན་བཅོས་གཅིག་མཐུན་ཚོགས་པའི་ཏང་ཨུད་ཧྲུའུ་ཅི་བཅས་ཀྱིས་སྡེ་ཚན་དང་ཚན་པ་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས། རིམ་པ་བཞིན་སྒྲིག་ཁྲིམས་སྐོར་གྱི་ཏང་གི་སློབ་ཚན་ཁྲིད་པ་མ་ཟད། ཚོགས་འདུར་ཡིག་ཐོག་ནས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ཏེ་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཏན་ཏིག་གཏོང་རྒྱུའི་སྐོར་གྱི་བརྡ་ཐོའི》ནང་དོན་དང་། རང་སྐྱོང་ལྗོངས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོགས་འདུའི་དགོངས་དོན། ལྷ་ས་གྲོང་ཁྱེར་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་བཀོད་གཏོང་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

    ཚོགས་འདུར་རྫོང་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པའི་མཐོ་ཚད་ནས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ། རང་རྟོགས་ངང་ཏང་ཀྲུང་དབྱང་དང་། རང་སྐྱོང་ལྗོངས་ཏང་ཨུད། གྲོང་ཨུད། རྫོང་ཨུད་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ནས། སྒྲིག་བཀུར་ཁྲིམས་སྲུང་བྱ་རྒྱུ་སེམས་ལ་བརྟན་པོར་ངེས་པ་དང་། ནང་སེམས་རྒྱུད་ཕྱིའི་བྱ་སྤྱོད་དུ་འགྱུར་བའི་ཚད་གཞིར་བརྩི་སྲུང་ཞུས་ཏེ། འདམ་གཞུང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་ཐུབ་པར་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།