དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་དམག་ཨུད་ཀྱིས།

    《དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པའི་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་དམག་དཔུང་གི་ཆབ་སྲིད་དག་ཐེར་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་སྐོར་གྱི་གཏན་འབེབས》བཀྲམ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-12

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་དབྱང་དམག་ཨུད་ཀྱིས《དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པའི་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དང་དམག་དཔུང་གི་ཆབ་སྲིད་དག་ཐེར་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་སྐོར་གྱི་གཏན་འབེབས》བཀྲམ་པ་རེད།

    《གཏན་འབེབས》ནང་བཏོན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་ལྷག་པར་དུ་ཀུའུ་ཐེན་དམག་ཡོངས་ཀྱི་ཆབ་སྲིད་ལས་དོན་ཚོགས་འདུ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཀྱི་སྤྱི་ཡོངས་ལ་གཅིག་འདོམས་བྱེད་པ་དང་། དམག་དཔུང་སྟོབས་ཆེར་གཏོང་བའི་བྱ་གཞག་འཕེལ་རྒྱས་ཀྱི་བླང་བྱ་སྟངས་འཛིན་བྱེད་པ། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པའི་རིགས་པའི་གཞུང་ལུགས་འཚོལ་ཞིབ་དང་ལག་ལེན་གསར་གཏོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པའི་ཐབས་ཇུས་གྲུབ་པ་དང་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་རྒྱུར་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

    《གཏན་འབེབས》ནང་ཁ་གསལ་བཏོན་དོན། རྒྱང་ལམ་གསར་པར་དམག་དཔུང་གི་ཆབ་སྲིད་དག་ཐེར་སྦྱོང་བརྡར་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེན་དགོངས་པ་ལག་བསྟར་གཏིང་ཟབ། དུས་རབས་གསར་པའི་ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པའི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་པའི་དུས་རབས་ཀྱི་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་དམ་པོར་དམིགས་པ། དམག་དཔུང་བཙུགས་པའི་ལོ་བརྒྱའི་འབད་འཐབ་དམིགས་ཚད་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པར་དམིགས་པ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་བཅས་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། དམག་ཨུད་ཀྲུའུ་ཞིའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱེད་པ། བསམ་བློ་དག་ཐེར་དང་།

    (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) མི་སྤྱོད་དག་ཐེར། རྩ་འཛུགས་དག་ཐེར། སྤྱོད་ཚུལ་དག་ཐེར། སྒྲིག་ལམ་དག་ཐེར་བཅས་མུ་མཐུད་གཏིང་ཟབ་བྱེད་པ། མཐོ་རིམ་ཏང་ཨུད་དང་མཐོ་རིམ་ལས་བྱེད་པ་འབུར་དུ་ཐོན་པར་བྱེད་པ། ཆབ་སྲིད་ཀྱི་ལང་ཕྱོགས་བརྟན་པོ་དང་འཇོན་ཐང་ཆེ་བའི་སྲ་ཞིང་བརྟན་པའི་ཏང་རྩ་འཛུགས་འཛུགས་པ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་དང་དམག་དཔུང་སྟོབས་ཆེན་གྱི་ལས་འགན་འཁུར་ཕོད་པའི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་པ་བཅས་བྱས་ནས། མི་དམངས་དམག་དཔུང་གི་ཡུན་གནས་ཀྱི་ངོ་བོ་དང་དམིགས་ཡུལ་དང་། ཐོག་མཐའ་བར་གསུམ་དུ་འཐབ་ན་རྒྱལ་ཐུབ་པ། ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་འབད་འཐབ། ཐོག་མཐའ་བར་གསུམ་དུ་ཤེས་ལྡན་པ་ཐོན་པ། ཐོག་མཐའ་བར་གསུམ་དུ་སྤྱོད་གཙང་གཟི་བརྗིད་ལྡན་པ། ཐོག་མཐའ་བར་གསུམ་དུ་སྒྲིག་ཁྲིམས་ནན་སྲུང་བཅས་བྱས་ནས་དམག་དཔུང་སྟོབས་ཆེན་བྱ་གཞག་ལ་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།