དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་སྒོར་དུང་ཕྱུར་2.31བཏང་བ།

    ཧུའུ་ནན་དང་ཨན་ཧུའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་9ཡི་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-12

    ཉེ་ཆར། ཀྲུང་དབྱང་རྩ་འཛུགས་པུས་ཀྲུང་དབྱང་གི་ཚབ་བྱས་ནས་དོ་དམ་བྱེད་པའི་ཏང་དངུལ་ནས་ཧུའུ་ནན་དང་ཨན་ཧུའེ་སོགས་ཞིང་ཆེན་དང་གྲོང་ཁྱེར་9ལ་ཆེད་དངུལ་སྒོར་དུང་ཕྱུར་2.31བཏང་ནས་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་རྒྱབ་སྐྱོར་བྱེད་པར་སྤྱོད་རྒྱུ་ཡིན་པ་རེད།

    ཀྲུང་དབྱང་རྩ་འཛུགས་པུས་བླང་བྱ་བཏོན་དོན། ས་གནས་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ཉེན་ཁ་འཕྲད་པའི་ས་ཁུལ་གྱི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་བ་དང་ཆབས་ཅིག་བཀོད་སྒྲིག་འོས་འཚམ་བྱས་ནས་ཉེན་སེལ་རོགས་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་སྤེལ་བ་དང་། ཆུ་རགས་ལ་སྐོར་ཞིབ་དང་ཉེན་ཁར་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཉེན་ཁའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་འཕྲལ་དུ་ཐག་གཅོད་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འཕྲལ་སྡོམ་ལས་རེས་དང་མདུན་ཕྱོགས་སུ་བཀོད་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱེད་དགོས། རྒྱ་ཆེའི་གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མདུན་དུ་ཤོར་བ་དང་འགན་འཁུར་ཕོད་པར་བྱས་ནས། ཉེན་སེལ་རྒུད་སྐྱོབ་བྱེད་རིང་དམག་འཐབ་མཁར་རྫོང་གི་ནུས་པ་དང་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་དགོས།

    ཀྲུང་དབྱང་རྩ་འཛུགས་པུས་ནན་བཤད་བྱས་དོན། ཏང་དངུལ་འདི་དུས་ཐོག་ཏུ་གཞི་རིམ་ལ་སྤྲོད་དགོས་པ་དང་། གཙོ་བོ་ཉེན་སེལ་རྒུད་སྐྱོབ་ཀྱི་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་གཞི་རིམ་གྱི་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ལ་འཚམས་འདྲི་དང་། གནོད་འཚེ་ཚབས་ཆེན་ཕོག་རྐྱེན་འཚོ་བར་དཀའ་ངལ་འཕྲད་པའི་ཏང་ཡོན་དང་མང་ཚོགས་ལ་འཚམས་འདྲི་བྱེད་པར་སྤྱོད་དགོས། གནོད་འཚེ་ཕོག་ནས་ཆག་སྐྱོན་བྱུང་བའི་གཞི་རིམ་ཏང་ཡོན་གྱི་སློབ་གསོའི་སྒྲིག་བཀོད་ཉམས་བཟོ་བྱེད་དགོས། འབྲེལ་ཡོད་ཞིང་ཆེན་དང་གྲོང་ཁྱེར་གྱིས་དོན་དངོས་གཞིར་བཟུང་རིམ་པ་འདི་གའི་དོ་དམ་བྱེད་པའི་ཏང་དངུལ་ནས་སྡེབ་སྒྲིག་མ་དངུལ་དོན་འཁྱོལ་གྱིས་དུས་ཐོག་ཏུ་གཞི་རིམ་ལ་སྤྲད་དེ་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་སྤྱད་ནས་ཆེད་དངུལ་ཆེད་སྤྱོད་ཐུབ་པར་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།