ཀྲུང་དབྱང་ནོར་སྲིད་པུའུ་དང་ཆུ་བེད་པུའུ་ཡི་རྒུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་8.48གཤམ་ལ་སྤྲད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། གསར་འགོད་པར་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། ནོར་སྲིད་པུས་ཆུ་བེད་པུའུ་དང་མཉམ་དུ་ཀྲུང་དབྱང་ནོར་སྲིད་དང་ཆུ་བེད་ཀྱི་གུད་སྐྱོབ་མ་དངུལ་སྒོར་དུང་ཕྱུར་8.48གཤམ་སྤྲོད་བྱས་ཏེ། ཧུའུ་ནན་དང་། ཅང་ཤིས། ཧུའུ་པེ། ཀོང་ཏུང་། ཧྥུའུ་ཅན། ཀྲེ་ཅང་། ཀོང་ཤིས། ཨན་ཧུའེ། ཀུའེ་ཀྲོའུ། ཁྲུང་ཆིང་། ཧེ་ལུང་ཅང་། ཡུན་ནན་བཅས་ཞིང་ཆེན་12(རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར)ཀྱིས་འབྲུབ་ཆུ་སྒྲོལ་བའི་གུད་སྐྱོབ་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྒྱབ་སྐྱོར་བྱས་ནས། གེགས་ཁུལ་དུ་ཆུ་ལོག་གིས་ཆུ་རགས་ཞིག་པ་སོགས་ཀྱི་ཆུ་བེད་ལས་གྲྭའི་སྒྲིག་བཀོད་ཉམས་གསོ་དང་ཉེན་ཁའི་མངོན་མེད་རྐྱེན་ངན་ཐག་གཅོད་སོགས་ཀྱི་འབྲེལ་ཡོད་ལས་དོན་ལ་གཙོ་གནད་ཐོག་ཁ་གསབ་འོས་འཚམ་སྤྲད་ཡོད།