དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲུང་ཆིང་གིས་བཟོ་ལས་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་ལ་སྐུལ་འདེད་བཏང་བ།

    2027ལོར་སླེབས་སྐབས་སྒྲིག་ཆས་རྙིང་པ་ཁྲི་2(ཆ་ཚང)ལྷག་ཙམ་ཕྱིར་བསྡུ་བྱེད་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-12

    ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི《ཁྲུང་ཆིང་གྲོང་ཁྱེར་གྱིས་བཟོ་ལས་ཁྱབ་ཁོངས་ཀྱི་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞིའི》ནང་། 2027ལོར་སླེབས་སྐབས། བཟོ་ལས་ཁྱབ་ཁོངས་ཀྱི་སྒྲིག་ཆས་ཀྱི་མ་འཇོག་གཞི་ཁྱོན་2023ལོ་ལས་25%ཡན་འཕར་བ་དང་། བཟོ་ལས་ལག་རྩལ་སྒྱུར་བཀོད་མ་འཇོག་གིས་བཟོ་ལས་མ་འཇོག་ནང་བཟུང་བའི་བསྡུར་ཚད་40%ཟིན་པ། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་གྲངས་འཛིན་ཅན་གྱི་སྒྱུར་བཀོད་ཡོངས་ཁྱབ་ཐུབ་པ། གཙོ་གནད་ལས་རིགས་ཀྱི་ནུས་འབྲས་ཚད་གཞིའི་ཆུ་ཚད་མན་གྱི་ཐོན་ནུས་གཞི་རྩའི་ཆ་ནས་ཕྱིར་བསྡུ་ཟིན་པ། ནུས་སྤྱོད་སྒྲིག་ཆས་གཙོ་བོའི་ནུས་འབྲས་གཞི་རྩའི་ཆ་ནས་ནུས་རྒྱུ་གྲོན་ཆུང་གི་ཆུ་ཚད་ལ་སླེབས་པ། གཞི་རྩའི་བདེ་འཇགས་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ་བཅས་ཀྱི་བརྩོན་ལེན་བྱེད་རྒྱུ་ཡིན་པ་བཏོན་ཡོད།

    ཇུས་གཞིའི་ནང་གཙོ་གནད་ལས་འགན་ཆེན་པོ་བཞི་ལག་ལེན་བསྟར་རྒྱུ་ཡིན་ཞེས་བཏོན་ཡོད་ཅིང་། སྔོན་ཐོན་སྒྲིག་ཆས་བེད་སྤྱོད་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་2027ལོར་སླེབས་སྐབས་རིམ་རྩིས་བྱས་ན་ལག་རྩལ་སྒྱུར་བཀོད་མ་འཇོག་རྣམ་གྲངས་8000ལག་ལེན་བསྟར་ནས། སྒྲིག་ཆས་ཁྲི་5(ཆ་ཚང)ལྷག་ཙམ་གསར་སྒྱུར་བྱེད་པར་སྐུལ་ཁྲིད་དང་སྒྲིག་ཆས་རྙིང་པ་ཁྲི་2(ཆ་ཚང)ལྷག་ཙམ་ཕྱིར་བསྡུ་བྱེད་པ་དང་། བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ནུས་སྤྲོད་ལ་སྐུལ་ཁྲིད་བྱེད་མགྱོགས་སུ་བཏང་ནས་2027ལོར་སླེབས་སྐབས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་གྲངས་འཛིན་ཅན་གྱི་ཞིབ་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་གདལ་གཏོང་ཚད་དང་འགག་རྩའི་ལས་རིམ་གྲངས་གཞིས་ཚོད་འཛིན་བྱེད་ཚད་90%དང་75%སོ་སོར་བརྒལ་ཏེ་གྲངས་འཛིན་ཅན་གྱི་འཁོར་ཁང་400དང་རིག་ནུས་བཟོ་གྲྭ་40གསར་དུ་གཏན་འཁེལ་བྱེད་རྒྱུ། ལྗང་མདོག་སྒྲིག་ཆས་ཚབ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་2027ལོར་སླེབས་སྐབས་གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་གཙོ་གནད་ཁྱབ་ཁོངས་སུ་བསྐྲུན་པའི་ཐོན་ནུས་ཚང་མ་ནུས་འབྲས་ཀྱི་ཚད་གཞིའི་ཆུ་ཚད་དུ་སླེབས་པ་དང་ནུས་འབྲས་ཀྱི་ཚད་གཞིའི་ཆུ་ཚད་ཀྱི་ཐོན་ནུས་30%ཡན་རྒྱུན་འཁྱོངས་བྱེད་རྒྱུ། གཞི་རྩའི་བདེ་འཇགས་ཆུ་ཚད་གཙོ་གནད་ཐོག་མཐོ་རུ་བཏང་ནས་2027ལོར་སླེབས་སྐབས་ལོ་10ལྷག་ཙམ་བེད་སྤྱད་པའི་རྫས་འགྱུར་བཟོ་ལས་ཀྱི་སྒྲིག་ཆས་རྙིང་པ་500(ཆ་ཚང)གསར་སྒྱུར་བྱེད་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།