དྲོད་ཁང་ནང་གི་ཤ་མོའི་སྐྱེ་འཚར་བཟང་།
འདི་ནི་ལས་དོན་པས་ཤ་མོ་འདེབས་གསོ་བྱེད་བཞིན་པ།
འདི་ནི་ལས་དོན་པས་ཤ་མོ་འདེབས་གསོ་བྱེད་བཞིན་པ།
གསར་འགོད་པར་ཤེས་རྟོགས་བྱུང་བ་ལྟར་ན། ཤ་མོ་འདེབས་འཛུགས་རྟེན་གཞིས་སྔོན་དཔག་ལྟར་ན་ལོ་རེར་ཤ་མོ་རྒྱ་མ་ཁྲི་1ཐོན་སྐྱེད་བྱས་ཏེ་ཡོང་འབབ་སྒོར་ཁྲི་5ནས་8ལྷག་ཙམ་ཡོང་བཟོ་ཡོད་པ་རེད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྟོབས་ཤུགས་ཆེ་རུ་བཏང་ནས་གྲོང་མི་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱ་ཆེད། 2023ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཀོང་ཐང་ཤང་སྦྲ་ཁ་འདམ་གྲོང་ཚོས་མ་དངུལ་སྒོར་ཁྲི་34བཏང་སྟེ་ས་ཁྱོན་སྨི་ངོས་གྲུ་1450ཟིན་པའི་ཤ་མོ་འདེབས་འཛུགས་རྟེན་གཞི་བསྐྲུན་པ་དང་། མིག་སྔར་ཤ་མོ་སྤྱི་རྒྱ་500ལྷག་ཙམ་བསྡུས་ཟིན་པ་རེད།