དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གོར་མོ་གྲོང་ཁྱེར་གྱིས།

    “དམ་འཛིན་གསུམ་དང་ཚད་གཞི་གསུམ”ལ་བརྟེན་ནས་ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་ཕྱོགས་ཡོངས་ནས་ཚད་ལྡན་དུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-12

    མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱིས་འཕྲེད་ཕྱོགས་ནས“དྲིལ་བསྒྲགས་དང་། སློབ་གསོ། ལྟ་སྐུལ་བཅས་ལ་དམ་འཛིན་བྱེད་པ”དང་གཞུང་ཕྱོགས་ནས“རྒྱ་ཆེ་ཚད་དང་། གཏིང་ཟབ་ཚད། ཤུགས་ཆེ་ཚད་བཅས་མཐོ་རུ་གཏོང་བའི”བྱེད་ཐབས་སྤྱད་དེ། ཏང་ཡོན་གྱི་དྲ་རྒྱའི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་དང་ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་བཏང་ཡོད།

    དྲིལ་བསྒྲགས་ཁྲིད་སྟོན་ལ་དམ་འཛིན་ཞིབ་ཚགས་བྱས་ནས་དྲ་རྒྱའི་བདེ་འཇགས་ཤེས་བྱའི“རྒྱ་ཆེ་ཚད”མཐོ་རུ་བཏང་ཞིང་། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་གྲོང་ཨུད་དྲ་འཕྲིན་གཞུང་ལས་ཁང་སོགས་སྡེ་ཚན་དང་མཉམ་དུ《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་གཏན་འབེབས》དང《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》སོགས་དྲིལ་བསྒྲགས་བྱེད་སྒོ་ཐེངས་300ལྷག་ཙམ་སྤེལ་བ་མ་ཟད། ད་དུང“ཉེ་འགྲམ་གྱི་མིག་དཔེ”དང“ཏང་ལ་སྙིང་གཏམ་ཤོད་པ”སོགས་རྣམ་པ་གསར་པ་དང་གསོན་ཉམས་དོད་པའི་ཏང་གི་སློབ་ཚན་རྩེ་གྲ་ཁག་གཅིག་བཏོན་ནས་དྲ་རྒྱའི་བར་མཐོངས་ཀྱི་ཏང་རྩ་འཛུགས་དང་ཏང་ཡོན་གྱི་འབོད་སྐུལ་ནུས་པ་དང་། གོང་བུ་འགྲིལ་ཤུགས། ཤུགས་རྐྱེན་ཐེབས་ཤུགས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད།

    རིགས་པའི་གཞུང་ལུགས་ཀྱི་སློབ་གསོར་དམ་འཛིན་ཧུར་ཐག་བྱས་ནས་སློབ་སྦྱོང་གི་གཞི་རྟེན་བེད་སྤྱོད་ཀྱི“གཏིང་ཟབ་ཚད”མཐོ་རུ་བཏང་ཞིང་། རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་དང“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་ལ་བརྟེན་ནས་ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུ་དེ། སློབ་སྦྱོང་འཆར་གཞིའི་ནང་བཅུག་ནས་ཆེད་དོན་སློབ་ཁྲིད་དང་གྱོད་དཔེ་འགྲེལ་བཤད་སོགས་ཐེངས་400ལྷག་ཙམ་བྱས་ཡོད།

    ལྟ་སྐུལ་དོ་དམ་ལ་དམ་འཛིན་ནན་པོ་བྱས་ནས་དྲ་རྒྱའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི“ཤུགས་ཆེ་ཚད”མཐོ་རུ་བཏང་ཞིང་། ཏང་རྩ་འཛུགས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་ཀྱི་འགན་འཁུར་བ་ཨང་དང་པོར་བརྩིས་ཏེ། ཏང་ཡོན་གྱི་དྲ་རྒྱའི་བྱ་སྤྱོད་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུས་ཏང་ཡོན་ལ་ལྟ་བསྡུར་ཞིབ་བཤེར་དང་དམངས་གཙོའི་གྲོས་བསྡུར་ནང་དོན་གྱི་ཁོངས་སུ་བཅུག་སྟེ་ལས་ཀའི་འགན་འཁྲི་སྔར་བས་ནན་དུ་བཏང་ཡོད། སྨྱན་སྦྱོར་གསར་པའི་ལས་སྟེགས་ཀྱི་ལྟ་ཞིབ་ཚད་ལེན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་ལས་ཐོ་དུས་གཅིག་ཏུ་བཟོས་པ་དང་། ཏང་ཡོན་མི་སྒེར་དང་སྨྱན་སྦྱོར་གསར་པའི་ཨང་རྟགས་ཐོ་འགོད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས། ཏང་སྲིད་ལས་ཁུངས་དང་ཁེ་ལས་བྱ་གཞག་ཚན་པའི་སྐད་འཕྲིན་སྤྱི་རྟགས་སོགས་དྲ་ཚིགས་ལས་སྟེགས་ཚད་ལྡན་མེད་པའི་གནད་དོན་70ལྷག་ཙམ་དུས་ཐོག་ཏུ་ཡོ་བསྲང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།