ཀྲུང་གོའི་དྲག་རྩལ་རྩལ་ཁྲིད་པས་སེ་ནེ་ཀལ་ལ་རམ་འདེགས་བྱས་ཏེ་2026ལོའི་གཞོན་ནུའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུའི་གྲ་སྒྲིག་བྱེད་པ།
ཀྲུང་གོའི་དྲག་རྩལ་མཐུན་ཚོགས་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། ས་གནས་དེ་གའི་དུས་ཚོད་ཚེས་8ཉིན་ཀྲུང་གོའི་དྲག་རྩལ་འཐུས་མི་ཚོགས་པའི་སེ་ནེ་ཀལ་གྱི་སློབ་ཁྲིད་མཇུག་འགྲིལ་ཞིང་། སློབ་ཁྲིད་བྱེད་རིང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དྲག་རྩལ་སྤེལ་རེས་གླེང་སྟེགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་དྲག་རྩལ་སྦྱོང་བརྡར་སྒར་སར་ཞུགས་ཡོད།
ཀྲུང་གོའི་དྲག་རྩལ་འཐུས་མི་ཚོགས་པས་ན་ནིང་སེ་ནེ་ཀལ་དུ་འཚམས་འདྲི་བྱས་པ་མ་ཟད། འདི་ལོ་སླར་ཡང་སེ་ནེ་ཀལ་དུ་འཚམས་འདྲི་བྱས་པ་རེད། ད་ཐེངས་ཀྱི་འཚམས་འདྲི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དྲག་རྩལ་ལུས་སྦྱོང་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ལི་ཡུང་ཆང་གིས་རུ་སྣེ་ཁྲིད་པ་དང་རྒྱལ་ནང་གི་ཆུ་ཚད་མཐོ་བའི་རྩལ་ཁྲིད་པ་དང་མཐོ་སློབ་ཀྱི་རིགས་གཅིག་མཁས་ཅན་གྱིས་རྩལ་ཁྲིད་པའི་འགན་ཁུར་ཡོད། སློབ་ཁྲིད་སློབ་ཚན་འཚོག་ཡུལ་ནི་སེ་ནེ་ཀལ་དྲག་རྩལ་མཐུན་ཚོགས་ཀྱི་རྐང་འཛིན་རྩལ་ཁྲིད་པ་དང་དེ་བཞིན་ཕུལ་བྱུང་ལུས་རྩལ་པ་ཁག་གཅིག་རེད།
ཀྲུང་གོའི་དྲག་རྩལ་འཐུས་མི་ཚོགས་པས་དེ་རྗེས་ནེ་ཀྲེར་དང་ཨེ་ཅིབ་ཏུ་བསྐྱོད་དེ་སྤེལ་རེས་སློབ་ཁྲིད་བྱེད་རྒྱུ་རེད།