“བྱ་དངོས་ཚང་མར་གསོན་ཤུགས་རྒྱས། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་ཇུས་འགོད་འགྲེམས་སྟོན”ཕ་རི་སིར་གཉེར་བ།
ཉིན་ཤས་གོང“བྱ་དངོས་ཚང་མར་གསོན་ཤུགས་རྒྱས། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་ཇུས་འགོད་འགྲེམས་སྟོན”ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་མཛེས་རྒྱན་སྒྱུ་རྩལ་རྟེན་མཛོད་ཁང་དུ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་འགྲེམས་སྟོན་དེ་འོད་ཟེར་སྨྱན་སྦྱོར་ཚོགས་པ་དང་ཀྲུང་གོ་རྒྱལ་ཁབ་སྤུས་རྟགས་དྲ་བས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་ཁྱོན་བསྡོམས་བརྩམས་ཆོས་བརྒྱ་ཙམ་འགྲེམས་སྟོན་བྱས་ཤིང་། འགྲེམས་རྫས་ནང་མེ་ཏོག་གི་ཕྲ་རྒྱན་དང་། སྨྱུག་བསླས། ཇ་ལོ་བཟོ་བ། ཨ་རག་སྙོལ་བ། རྫ་དཀར། ཚེམ་དྲུབ་སོགས་ཡོད་ལ། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་གི་ལག་ཤེས་ཐོན་རྫས་དང་དེང་རབས་ཀྱི་དཔེ་གསར་བརྩམས་ཆོས་ཀྱང་ཡོད། འདི་ནི་ཟླ་7ཚེས་6ཉིན་ལྟ་སྐོར་བས་ཧྥ་རན་སེའི་རྒྱལ་ས་ཕ་རི་སིའི་མཛེས་རྒྱན་སྒྱུ་རྩལ་རྟེན་མཛོད་ཁང་དུ་གཉེར་བའི“བྱ་དངོས་ཚང་མར་གསོན་ཤུགས་རྒྱས། ཀྲུང་གོའི་མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་ཇུས་འགོད་འགྲེམས་སྟོན”ལ་ལྟ་སྐོར་བྱེད་བཞིན་པ།