དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་དུས་མཚུངས་ལས་16%འཕར་བ།

    ཡུལ་སྐོར་ཞབས་ཞུ་རྒྱུན་མཐུད་མགྱོགས་མྱུར་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-11

    ཚོང་དོན་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཟླ་བ་དང་པོ་ནས་ལྔ་པའི་བར་རང་རྒྱལ་གྱི་ཞབས་ཞུའི་ཚོང་དོན་མུ་མཐུད་མགྱོགས་མྱུར་འཕར་ནས་ཞབས་ཞུའི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་30219.6ཟིན་པ་དེ་དུས་མཚུངས་ལས་16%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་12195.6ཟིན་ནས་11%འཕར་བ་དང་། ནང་འདྲེན་སྒོར་དུང་ཕྱུར་18024ཟིན་ནས་19.6%འཕར་བ། ཞབས་ཞུའི་ཉོ་ཚོང་གི་ལྡོག་ཁྱད་སྒོར་དུང་ཕྱུར་5828.4ཟིན་ཡོད་པ་རེད།

    ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུའི་ཉོ་ཚོང་མུ་མཐུད་འཕར་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་11898.9ཟིན་ནས་6%འཕར་ཡོད། དེའི་ནང་ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ཕྱིར་གཏོང་སྒོར་དུང་ཕྱུར་6753.1ཟིན་ནས་2.8%འཕར་བ་དང་འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་སུ་ཤེས་རིག་བདག་དབང་བེད་སྤྱོད་གྲོན་དངུལ་དང་མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་བཅས་ཡོད་པ་དང་འཕར་ཚད་17.8%དང་15.5%སོ་སོར་ཟིན་ཡོད། ཤེས་བྱ་མང་འདུས་ཅན་གྱི་ཞབས་ཞུ་ནང་འདྲེན་སྒོར་དུང་ཕྱུར་5145.8ཟིན་ནས་10.4%འཕར་བ་དང་འཕར་ཚད་ཅུང་མགྱོགས་པའི་ཁྱབ་ཁོངས་སུ་མི་སྒེར་གྱི་རིག་གནས་དང་རོལ་རྩེད་ཞབས་ཞུ་དང་ཚོང་ལས་ཞབས་ཞུ་གཞན་དག་ཡོད་པ་དང་འཕར་ཚད་49.4%དང་17.2%སོ་སོར་ཟིན་ཡོད་པ་རེད།

    ཡུལ་སྐོར་ཞབས་འདེགས་ལས་སྒོ་མགྱོགས་མྱུར་འཕར་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར་ཡུལ་སྐོར་ཞབས་ཞུ་མུ་མཐུད་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས། ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་8197.2ཟིན་ནས་48.4%འཕར་ཏེ་ཞབས་ཞུའི་ཉོ་ཚོང་གི་ཁྱབ་ཁོངས་ཆེ་གྲས་དང་པོར་གྱུར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།