དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་བརྡ་ཐོ་བཏང་ནས།

    རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ཁྲོད་ལྗང་མདོག་རྩད་ཞིབ་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-11

    ཉེ་ཆར་རང་བྱུང་ཐོན་ཁུངས་པུའུ་དང་རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ཁྲོད་ལྗང་མདོག་རྩད་ཞིབ་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(གཤམ་དུ《བརྡ་ཐོ》ཞེས་བསྡུ་རྒྱུ)བཏང་ནས། ས་གཤིས་རྩད་ཞིབ་ལས་རིགས་ཡོངས་ཀྱིས་ལྗང་མདོག་རྩད་ཞིབ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། ལྗང་མདོག་རྩད་ཞིབ་ཀྱི་འབྲེལ་ཡོད་ཚད་གཞི་ལག་བསྟར་ནན་པོ། ལྗང་མདོག་རྩད་ཞིབ་ལག་རྩལ་གྱི་ཐབས་ཤེས་དང་སྒྲིག་ཆས་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་ལྗང་མདོག་རྩད་ཞིབ་ཀྱི་བླང་བྱ་དེ་བས་ནན་པ་ལག་བསྟར་བཅས་བྱས་ཏེ། སྤུས་ཚད་མཐོ་པོས་རེས་སྐོར་གསར་པའི་གཏེར་འཚོལ་ཚད་བརྒལ་འཐབ་ཇུས་བྱ་སྤྱོད་ཀྱི་དམིགས་ཚད་ལེགས་སྒྲུབ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    《བརྡ་ཐོའི》ནང་ཁ་གསལ་བཏོན་དོན། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་གི་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ལྟེ་བའི་སྲུང་སྐྱོང་ཁུལ་གྱི་ཕྱི་རོལ་དུ་ཁྲིམས་ལྟར་སྤེལ་བའི་ས་གཤིས་རྩད་ཞིབ་ལས་དོན་སྤེལ་རིང་ལྗང་མདོག་རྩད་ཞིབ་ཀྱི་ཚད་གཞི་དང་བླང་བྱ་དེ་བས་ནན་པ་ལག་བསྟར་བྱེད་དགོས། ནགས་ཚལ་དང་། རྩྭ་ཐང་། འདམ་ར། བྱེ་ཐང་སོགས་ས་ཁུལ་མི་འདྲ་བར་གཞིགས་ནས་དམིགས་སའི་རང་བཞིན་ལྡན་པའི་ལྗང་མདོག་རྩད་ཞིབ་ཀྱི་བྱ་ཐབས་དང་སྒྲིག་ཆས་སྤྱོད་དགོས་ལ། རྩད་ཞིབ་ལག་བསྟར་ཇུས་གཞིའི་ནང་ཁ་གསལ་འགོད་དགོས། རང་བྱུང་སྲུང་སྐྱོང་ཁུལ་དང་། མཛེས་ལྗོངས་གྲགས་ཅན་ཁུལ། འཐུང་ཆུའི་ཆུ་འགོ་སྲུང་སྐྱོང་ཁུལ་སོགས་དང་འབྲེལ་བ་ཡོད་པའི་ས་ཁོངས་སུ་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་ལག་བསྟར་བྱེད་དགོས། ས་གཤིས་རྩད་ཞིབ་བྱེད་སྐབས་ནགས་ས་དང་། རྩྭ་ཐང་། འདམ་ར། མཚོ་ཁོངས་སོགས་གནས་སྐབས་སྤྱོད་དགོས་རིགས་ལ་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་དེ་བཞིན་གནས་སྐབས་ས་སྤྱོད་དོ་དམ་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་རང་བྱུང་ཐོན་ཁུངས་པུའི་འབྲེལ་ཡོད་གཏན་འབེབས་ལྟར་དུས་ཐོག་ཏུ་ཞིབ་བཤེར་ཆོག་མཆན་འགོད་པའི་རེ་ཞུའི་འགྲོ་ལུགས་གཉེར་དགོས་པ་དང་། རང་བྱུང་སྲུང་སྐྱོང་ཁུལ་དང་འབྲེལ་བ་ཡོད་རིགས་གཏན་འབེབས་ལྟར་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་ནམ་ཡང་ན་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱེད་དགོས། རིམ་ཁག་རང་བྱུང་ཐོན་ཁུངས་དང་ནགས་ལས་དང་རྩྭ་ཐང་གཙོ་གཉེར་སྡེ་ཚན་གྱིས་ས་གཤིས་རྩད་ཞིབ་བྱེད་སྐབས་ནགས་ས་དང་། རྩྭ་ཐང་། འདམ་ར་སོགས་གནས་སྐབས་སྤྱོད་པའི་རེ་ཞུར་ཞིབ་བཤེར་ཆོག་མཆན་དང་བསྐྱར་སྦོལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྡེ་ཚན་དབར་ཞིབ་བཤེར་ཆོག་མཆན་འགོད་པའི་རོགས་ལས་མཉམ་འགུལ་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་དོན་ཞབས་ཞུའི་ལས་ཕྱོད་ཆེ་རུ་གཏོང་བ། ཞིབ་བཤེར་ཆོག་མཆན་འགོད་པའི་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་ནང་གི་ས་གཤིས་རྩད་ཞིབ་རྣམ་གྲངས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་སྔར་བས་ཡག་པོ་གཏོང་དགོས།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།