དབུ་ཤོག
  • ཚེས་12ནས་ལྷ་སར་སྒྱུ་རྩལ་གྱི་སྟོན་མོ་གཟབ་རྒྱས་ཤིག་གཤོམ་རྩིས་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2024-07-10

    ཟླ་7ཚེས་8ཉིན་གསར་འགོད་པས་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཛུབ་ཁྲིད་དང་རང་སྐྱོང་ལྗོངས་རིག་གནས་དང་ཡུལ་སྐོར་ཐིང་གིས་གཙོ་གཉེར་བྱེད་པའི་དུས་ཡུན་ཟླ་བ་གཅིག་ཡོད་པའི་2024ལོའི་བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པ་ཟླ་7ཚེས་12ཉིན་ལྷ་སར་འགོ་ཚུགས་རྒྱུ་དང་ཟླ་8ཚེས་12ཉིན་ལ་མཇུག་སྒྲིལ་རྒྱུ་ཡིན་པ་རེད། 

    ཤེས་རྟོགས་བྱུང་བར་གཞིགས་ན། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་རིང་འགོ་ཚུགས་མཛད་སྒོ་དང་། ལྗོངས་ཡོངས་ཀྱི་ཕུལ་བྱུང་ཟློ་གར་འཁྲབ་སྟོན། རིག་རྩལ་འགྲན་བསྡུར། འགྲེམས་སྟོན། སྤེལ་རེས་བྱེད་སྒོ མཇུག་སྒྲིལ་མཛད་སྒོ་སོགས་སྤེལ་རྒྱུ་ཡིན་ཞིང་། དེར་ཁྱོན་རིག་གནས་ཀྱི་བྱེད་སྒོ་ཆེ་བ་15དང་ཆུང་བ་30ཡོད་པར་འགོ་ཚུགས་མཛད་སྒོར་གླུ་གར་འཁྲབ་སྟོན་དང་སྒྱུ་རྩལ་དུས་ཆེན་གྱི་དྲིལ་བསྒྲགས་པར་གཞི་སོགས་བསྟན་ནས་ལོ་གཉིས་རིང་གི་རང་སྐྱོང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་ལ་ཐོབ་པའི་གྲུབ་འབྲས་གང་ལེགས་སྟོན་གྱི་རེད། མཇུག་སྒྲིལ་མཛད་སྒོར་བོད་རང་སྐྱོང་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་གྱི་བྱ་དགའ་ཆེ་ཤོས་ཏེ། སྐལ་བཟང་མེ་ཏོག་བྱ་དགའ་དང་བོད་ཀྱི་སྐར་ཚོགས་བྱ་དགའི་དཔྱད་འདེམས་འབྲས་བུ་ཁྱབ་བསྒྲགས་བྱེད་རྒྱུ་མ་ཟད། བོད་ཀྱི་རིག་གནས་ཀྱི་ཕོ་ཉ་དང་བོད་ལྗོངས་ངོ་སྤྲོད་ཕོ་ཉ་གདན་ཞུའི་ལག་ཁྱེར་སྤྲོད་རྒྱུ་ཡིན་པ་རེད།

    སྐབས་འདིའི་རིག་གནས་དུས་ཆེན་གྱིས“བདེ་སྐྱིད་བོད་ལྗོངས། བཀྲ་ཤིས་བདེ་ལེགས”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པ་མ་ཟད། མི་སྟོང་གིས་སྒོར་གཞས་འཁྲབ་པ་དང་མཛེས་ལྗོངས་ཁུལ་དུ་དམངས་ཕན་འཁྲབ་སྟོན་བྱེད་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་ནས་རིག་གནས་དར་བ་དང་ཡུལ་སྐོར་འཕེལ་བ་བྱ་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།