རྒྱལ་སྤྱིའི་གཞོན་ནུའི་རབ་བཏགས་རི་མོའི་གྲུབ་འབྲས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་པཱ་སའེ་ལུའོ་ནཱར་གཉེར་བ།
རྒྱལ་སྤྱིའི་གཞོན་ནུའི་རབ་བཏགས་རི་མོའི་གྲུབ་འབྲས་འགྲེམས་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་ཀྲུང་གོ་དང་སི་ཕེན་གྱི་རྩོམ་རིག་སྤེལ་རེས་བྱེད་སྒོ་ཉིན་ཤས་གོང་སི་ཕེན་གྱི་གྲོང་ཁྱེར་པཱ་སའེ་ལུའོ་ནཱ་རུ་གཉེར་བ་རེད། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་དང་། པཱ་སའེ་ལུའོ་ནཱར་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག ཀྲུང་གོ་དང་སི་ཕེན་གྱི་རིག་རྩལ་ལས་རིགས་སོགས་ཀྱི་སྐུ་མགྲོན་འཐུས་མི་བརྒྱ་ལྷག་ཙམ་མཉམ་འཛོམས་བྱས་ནས། ཀྲུང་གོ་དང་སི་ཕེན་གྱི་རིག་གནས་ལས་བརྒལ་བའི་སྤེལ་རེས་དང་མཉམ་ལས་ཀྱི་ཐབས་ལམ་ཐད་ཐུན་མོང་ཐོག་ཞིབ་དཔྱད་བྱས་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་བསམ་བཀོད་གྲོང་ཁྱེར་དྲ་རྒྱའི་དྲུང་ཆེ་དང་འཕྲིན་གཏོང་དང་། གྲོང་ཁྱེར། བྱེད་སྒོ་བཅས་སྡེ་ཚན་གྱི་གཙོ་གཉེར་བ་པཱ་ཁེ་སིས་བརྙན་ལམ་ཤིས་ཚིག་སྒྲོན་སྐབས། ཇུས་འགོད་དང་། གློག་བརྙན། རྩོམ་རིག་སོགས་ཁྱབ་ཁོངས་མང་པོའི་བསམ་བཀོད་གྲོང་ཁྱེར་དྲ་རྒྱ་ཁྱབ་པ་བརྒྱུད། གོ་ལ་ཧྲིལ་པོའི་ཁོངས་མིའི་གྲོང་ཁྱེར་350དབར་འབྲེལ་བ་དམ་ཟབ་ཏུ་གྱུར་ནས་ཕན་ཚུན་ལྷག་བསམ་ཟོལ་མེད་ཀྱི་གྲོགས་པོ་དང་བློས་འཁེལ་ཤོས་ཀྱི་རོགས་ཟླར་གྱུར་ཡོད་ཅེས་བརྗོད།