དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཅང་ཤིས་རུའེ་ཁྲང་གི་མངོན་མིན་རིག་གནས་ཤུལ་བཞག་ཐོན་རྫས་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    རུའེ་ཁྲང་སྨྱུག་བསླས་ནི་2008ལོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་གཉིས་པའི་ཚབ་མཚོན་རྣམ་གྲངས་ཀྱི་མིང་གཞུང་ནང་བཅུག་པ་དང་2018ལོར་རྒྱལ་ཁབ་རིམ་པའི་སྲོལ་རྒྱུན་བཟོ་རྩལ་དར་རྒྱས་རྣམ་གྲངས་ཁག་དང་པོའི་ནང་བཅུག་པ་རེད། ཉེ་བའི་ལོ་ཤས་རིང་། རུའེ་ཁྲང་ནན་དབྱིའི་སྨྱུག་བསླས་བཟོ་རྩལ་བཟོ་གྲྭས་གསར་སྤེལ་བྱས་པའི་མེ་ཏོག་སི་ར་དང་། སྨྱུག་བཟོས་དཔལ་འབར། ལག་རྟགས་བླུག་སྣོད་བཅས་དང་དེ་བཞིན་སྲོག་ཆགས་འདྲ་བཟོའི་སྨྱུག་བསླས་ཐོན་རྫས་ཡོ་རོབ་དང་། འཛམ་གླིང་དབུས་ཤར། ཨེ་ཤེ་ཡ་ཤར་ལྷོ་སོགས་ཕྱི་རྒྱལ་ཁྲོམ་རར་བྲིན་ཁ་རྒྱུག་པོ་ཡོད་པ་རེད།

    འདི་ནི་ཅང་ཤིས་ཞིང་ཆེན་རུའེ་ཁྲང་གྲོང་ཁྱེར་ནན་དབྱིའི་སྨྱུག་བསླས་བཟོ་གྲྭའི་བཟོ་པས་ཕྱིར་གཏོང་ཐོན་རྫས་བཟོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།