དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་དུ་ཤང་པེར་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    ཟླ་7ཚེས་5ཉིན་ཀྲུང་གོའི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི“མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ལས་ལམ་བུ་གསར་པ་གཏོད”ཅེས་པའི་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་མི་ཆོས་རིག་གནས་སྤེལ་རེས་བྱེད་སྒོ་དུ་ཤང་པེའི་ནཱ་ཝུའུ་ལུའུ་ཚི་ཕོ་བྲང་དུ་གཉེར་བ་དང“མཉམ་དུ་ཀྲུང་གོར་ལྟ་བ”ཞེས་པའི་ཀྲུང་གོ་དང་ཐ་ཇིག་སི་ཐན་གྱི་སྨྱན་སྦྱོར་མཉམ་འབྲེལ་བཅར་འདྲིའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།

    བྱེད་སྒོའི་ཐོག་ཐ་ཇིག་སི་ཐན་གྱི་སྨྱན་སྦྱོར་གསར་འགོད་པ་ས་གནས་ས་ཐོག་ཏུ་གྲོང་ཁྱེར་དང་གྲོང་གསེབ་དང་། རི་ཀླུང་གང་སར་བཅར་འདྲི་བྱེད་པར་ཡོང་རྒྱུའི་གདན་དྲངས་ཤིང་། བཅར་འདྲི་པར་ལེན་དང་བརྟག་ཞིབ་སོགས་ཀྱི་བྱ་ཐབས་བརྒྱུད་ཀྲུང་ཧྭའི་ཤེས་དཔལ་ལོ་རྒྱུས་ཤེས་རྟོགས་དང་དུས་རབས་གསར་པའི་ཀྲུང་གོའི་ཡིད་དབང་འཕྲོག་ཤུགས་མྱོང་ཚོར་བྱས་ཏེ་ཐ་ཇིག་སི་ཐན་གྱི་མང་ཚོགས་ཀྱིས་ཀྲུང་གོ་ཤེས་རྟོགས་བྱེད་ཚད་ཆེ་རུ་དང་མཛའ་གྲོགས་ཟབ་ཏུ་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།