དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • རྒྱལ་ཡོངས་ཀྱི་ཤར་ནུབ་མཉམ་ལས་དང་ཀྲུང་དབྱང་ཚན་པའི་དམིགས་འཛུཌ་རོགས་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    ཟླ་7ཚེས་5དང་6ཉིན། རྒྱལ་ཡོངས་ཀྱི་ཤར་ནུབ་མཉམ་ལས་དང་ཀྲུང་དབྱང་ཚན་པའི་དམིགས་འཛུགས་རོགས་སྐྱོར་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འཚོགས་པ་རེད།

    ཚོགས་འདུའི་ཐོག དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པ་བྱ་རྒྱུ་དེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་ཤར་ནུབ་མཉམ་ལས་དང་དམིགས་འཛུགས་རོགས་སྐྱོར་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཞི་ཁྱོན་རང་བཞིན་གྱི་དབུལ་ལོག་མི་ཐོན་པའི་མཐའ་ཚད་སྲུང་བར་རྒྱབ་སྐྱོར་ནུས་ལྡན་བྱེད་དགོས། གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་དང་། ཤར་ནུབ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་། ཐོན་ལས་ཚོགས་པ་སྐྲུན་པ། འཛད་སྤྱོད་རོགས་སྐྱོར་གྱིས་ཞིང་པར་འབབ་འཕར་ཡོང་བར་རམ་འདེགས། ངལ་ལས་མཉམ་ལས་ཆེར་གཏོང་བཅས་བྱ་སྤྱོད་བཞིར་དམ་འཛིན་བྱེད་པ། སློབ་གསོ་དང་སྨན་བཅོས་རོགས་སྐྱོར་ལ་དམ་འཛིན་ཡག་པོ་བཅས་བྱས་ཏེ། ཚན་རྩལ་དང་དངུལ་རྩའི་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་དགོས། རོགས་སྐྱོར་གྱི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། ཀྲུང་དབྱང་ཚན་པའི་དམིགས་འཛུགས་རོགས་སྐྱོར་མུ་མཐུད་ཟབ་ཏུ་གཏོང་བ། དམིགས་འཛུགས་རོགས་སྐྱོར་བྱ་ཡུལ་རྫོང་གིས་སྲ་བརྟན་དང་སྦྲེལ་མཐུད་ཀྱི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་པར་མཛུབ་ཁྲིད་བྱེད་པ་དང་སྐུལ་འདེད་གཏོང་བ། ཐོན་ལས་འཕེལ་རྒྱས་ཡག་པོ་གཏོང་བ་དང་། ལས་ཞུགས་ཐག་གཅོད་ཡག་པོ་བྱེད་པ། གྲོང་གསེབ་འཛུགས་སྐྲུན་དང་བཅོས་སྐྱོང་ཡག་པོ་བྱེད་པ་བཅས་ལ་རོགས་རམ་བྱེད་པ། དམངས་འཚོའི་དོན་དངོས་ལ་དམིགས་ནས་རོགས་སྐྱོར་ཟབ་ཏུ་གཏོང་བ་བཅས་བྱས་ནས། བརྩེ་སེམས་ངོ་མ་དང་ཕན་འབྲས་དངོས་ཐོན་པར་རོགས་རམ་བྱེད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།