དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཤིང་ཏོག་ལི་ཙི་འཐུ་བའི་ལས་ལ་བྲེལ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    ཉེ་ཆར། ཧོ་པེ་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་གྱི་མུའུ་ཁྲི་1ལྷག་ཙམ་ཟིན་པའི་ཤིང་ཏོག་ལི་ཙི་སྨིན་ནས་འཐུ་བའི་ནམ་དུས་ལ་སླེབས་པ་དང་། འབྲས་ཤིང་འདེབས་མཁན་ཞིང་པས་ཞིང་ལས་དུས་ཚོད་ལ་དམ་འཛིན་གྱིས་ཤིང་ཏོག་བཏུས་ནས་ཁྲོམ་རར་འདོན་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། གྲོང་ཁྱེར་དེས་ཞིང་པར་ཡུལ་བབ་དང་བསྟུན་ནས་ཞིང་ལས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པར་ཁྲིད་སྟོན་ཧུར་ཐག་བྱེད་པ་དང་། “ཤང་རེར་ཐོན་ལས་རེ”དང“གྲོང་ཚོ་རེར་ཐོན་རྫས་རེ”ཡོད་པའི་ཞིང་ལས་ཐོན་ལས་མ་ལག་བསྐྲུན་ཏེ། ཞིང་ལས་ལ་ཐོན་འཕར་དང་ཞིང་པར་འབབ་འཕར་ཡོང་བར་སྐུལ་འདེད་བཏང་ཞིང་། འདི་ནི་ཧོ་པེ་ཞིང་ཆེན་ཅིན་ཀྲོའུ་གྲོང་ཁྱེར་ཙུང་ཧྲི་ཀྲོང་གྲོང་རྡལ་ཀྲོང་ཧོ་ཀྲའེ་གྲོང་ཚོའི་ཞིང་པས་འབྲས་ཤིང་ལྡུམ་རར་བཏུས་མ་ཐག་པའི་ཤིང་ཏོག་ལི་ཙི་སྤུང་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།