དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་ལོ་སྟོད་དུ་ཡུན་ནན་གྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་བཅུ་ཆ་དགུ་ལས་ཐོག་མར་བརྒལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    གསར་འགོད་པར་ལྷོ་ཕྱོགས་གློག་དྲ་ཡུན་ནན་གློག་དྲ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་བར་ཡུན་ནན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་1.23དང་བསྡུར་ཚད་90.08%ཟིན་ཏེ། ནུས་རྒྱུ་གཙང་མའི་བསྡུར་ཚད་བཅུ་ཆ་དགུ་ལས་ཐོག་མར་བརྒལ་ཡོད་པ་རེད།

    ཡུན་ནན་ནི་ལྗང་མདོག་ནུས་རྒྱུའི་ཐོན་ཁུངས་ཀྱི་ཞིང་ཆེན་ཆེན་པོ་ཞིག་ཡིན་པ་དང་། ལྗང་མདོག་ནུས་རྒྱུའི་གསར་སྤེལ་བྱེད་ཆོག་པའི་སྤྱི་འབོར་ཆན་ཝ་དུང་ཕྱུར་2ཟིན་པ་དེས་རྒྱལ་ཡོངས་ཀྱི་20%ཙམ་བཟུང་ཡོད། དེའི་ནང་ཆུ་ནུས་ཐོན་ཁུངས་གསོག་འཇོག་བྱེད་ཚད་ཆན་ཝ་དུང་ཕྱུར་1.04ཡིན་པ་དང་རིགས་པའི་གཞུང་ལུགས་ལྟར་ན་གསར་སྤེལ་བྱེད་ཆོག་ཚད་ཆན་ཝ་ཁྲི་9795ཙམ་ཟིན་ཡོད། རླུང་ནུས་ཐོན་ཁུངས་ཀྱི་སྤྱིའི་གསོག་ཚད་ཆན་ཝ་དུང་ཕྱུར་1.23ཙམ་ཟིན་པ་དང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་ཆོག་པའི་རླུང་གློག་རྣམ་གྲངས་ཀྱི་གློག་འདོན་ཚད་ཀྱི་གཞི་ཁྱོན་བསྡོམས་འབོར་ཆན་ཝ་ཁྲི་2000ཙམ་ཟིན་པ། ཞིང་ཆེན་དེ་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་ཆུས)129ཡི་ཁྲོད་59ནི་འོད་ཤུགས་ཐོན་ཁུངས་གསར་སྤེལ་གྱི་རིན་ཐང་ཅུང་མཐོ་བའི་ས་ཁོངས་ཡིན་པ་དང་ལག་བསྟར་ཐུབ་པའི་འོད་ཤུགས་གློག་གཏོང་གི་གཞི་ཁྱོན་སྤྱི་འབོར་ཆན་ཝ་ཁྲི་6000ཙམ་ཟིན་ཡོད། ད་ལོའི་ཟླ་4པ་ནས་བཟུང་། འོད་ཤུགས་དང་རླུང་གློག་དེ་མེ་ཤུགས་གློག་ཤུགས་ལས་བརྒལ་ནས་ཁག་སོ་སོར་ཡུན་ནན་ཞིང་ཆེན་གྱི་གློག་ཁུངས་ཆེ་གྲས་གཉིས་པ་དང་གསུམ་པར་གྱུར་ཡོད། ད་ལོའི་ལོ་སྟོད་དུ་ཡུན་ནན་གྱི་ནུས་རྒྱུ་གཙང་མའི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་1517.9ཟིན་པ་དེས་གློག་གཏོང་ཚད་བསྡོམས་འབོར་གྱི་85%བཟུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་ནན་ཞིང་ཆེན་གྱིས་ད་ལོ་ནུས་རྒྱུ་གསར་པ་ཆན་ཝ་ཁྲི་1600ཐོན་སྐྱེད་བྱེད་རྩིས་ཡོད་པ་དང་། ལྷོ་ཕྱོགས་གློག་དྲ་ཡུན་ནན་གློག་དྲ་ཀུང་སིས་ནུས་རྒྱུ་གསར་པའི་འཕེལ་ཕྱོགས་ཡག་པ་དང་། ཚད་ལེན་ཐུབ་པ། ཚོད་འཛིན་ཐུབ་པ་བཅས་ཀྱི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། ནུས་རྒྱུ་མང་པོ་ཕན་ཚུན་གསབ་རེས་ཀྱིས་བཀོད་གཏོང་ལེགས་སུ་གཏོང་བ་དང་། གློག་དྲའི་འཁོར་རྒྱུག་བྱེད་སྟངས་ལེགས་སུ་གཏོང་བ། ནུབ་གློག་ཤར་སྐྱེལ་བཅས་བྱས་ནས་ནུས་རྒྱུ་གཙང་མའི་འདྲེན་སྤྱོད་འགན་ལེན་གང་ཐུབ་བྱེད་རྩིས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།