དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་གཙོ་བོའི་ཁྱིམ་སྤྱོད་གློག་ཆས་གསར་རྙིང་བརྗེ་བའི་ཕྱིར་ཚོང་དངུལ་གྲངས་དུས་མཚུངས་ལས་བཅུ་ཆ་བརྒྱད་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    《འཛད་རྫས་གསར་རྙིང་བརྗེ་བར་སྐུལ་འདེད་གཏོང་བའི་བྱ་སྤྱོད་ཀྱི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)བཀྲམ་ཚུན་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད།

    རླངས་འཁོར་ཐད། ཟླ་བ་ལྔ་པར་རྒྱལ་ཡོངས་སུ་རླངས་འཁོར་སིལ་ཚོང་བྱེད་ཚད་ཁྲི་227.1ཟིན་པ་དེ་དུས་མཚུངས་ལས་8.7%འཕར་བ་དང་། ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་ཚད་ཁྲི་158.5ཟིན་པ་དེ་དུས་མཚུངས་ལས་5.9%འཕར་བ། བེད་མེད་རླངས་འཁོར་བསྡུ་ཚད་ཁྲི་52.3ཟིན་པ་དེ་དུས་མཚུངས་ལས་55.6%འཕར་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་སུ་བེད་མེད་རླངས་འཁོར་བསྡུ་ཚད་ཁྲི་220ཟིན་པ་དེ་དུས་མཚུངས་ལས་19.4%འཕར་བ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་ཚོང་བྱེད་ཚད་དུས་མཚུངས་ལས་32.5%འཕར་བ་དེས་རླངས་འཁོར་གསར་པ་ཕྱིར་ཚོང་བྱེད་ཚད་ཀྱི་33.9%བཟུང་བ་དང་། ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་ཚད་དུས་མཚུངས་ལས་8.7%འཕར་ཡོད།

    ཁྱིམ་སྤྱོད་གློག་ཆས་ཐད། ཟླ་བ་ལྔ་པར་བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་དང་སྒྲ་ཕབ་བརྙན་བཟོའི་རིགས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་གྲངས་སྒོར་དུང་ཕྱུར་743ཟིན་པ་དེ་དུས་མཚུངས་ལས་12.9%འཕར་བ་དང་། ཟླ་བ་དང་པོ་ནས་ལྔ་པའི་བར། བཅད་གྲངས་ཡན་གྱི་ཚན་པའི་ཁྱིམ་སྤྱོད་གློག་ཆས་དང་སྒྲ་ཕབ་བརྙན་བཟོའི་རིགས་ཀྱི་ཚོང་ཟོག་སིལ་ཚོང་དངུལ་གྲངས་སྒོར་དུང་ཕྱུར་3421ཟིན་པ་དེ་དུས་མཚུངས་ལས་7%འཕར་བ། ཟླ་བ་དང་པོ་ནས་ལྔ་པའི་བར། དྲ་ཐོག་ཚོང་དོན་ལས་སྟེགས་གཙོ་བོའི་ཁྱིམ་སྤྱོད་གློག་ཆས་གསར་རྙིང་བརྗེ་བའི་ཕྱིར་ཚོང་དངུལ་གྲངས་དུས་མཚུངས་ལས་81.8%འཕར་ཡོད།

    ཚོང་དོན་པུས་སྣེ་ཁྲིད་དེ་སྡེ་ཚན་མང་པོ་ཞུགས་པའི་འཛད་རྫས་གསར་རྙིང་བརྗེ་བར་སྐུལ་འདེད་གཏོང་བའི་ལས་ཀའི་མཐུན་སྦྱོར་མ་ལག་བཙུགས་ཏེ་ནོར་སྲིད་ཀྱི་དཔྱ་ཁྲལ་དང་དངུལ་རྩ་སོགས་ཀྱི་སྲིད་ཇུས་ཀྱི་བྱ་ཐབས་རབ་དང་རིམ་པ་འདོན་པར་སྐུལ་འདེད་དང་། ས་གནས་ཁག་གིས་ཀྱང་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་ཟམ་མི་ཆད་པར་བཏང་ནས་ཁྱིམ་སྤྱོད་གློག་ཆས་གསར་རྙིང་བརྗེ་བའི་འདིང་ཤུགས་གསར་པ་རྒྱུན་མི་ཆད་པར་འཕེལ་བར་བྱས་ཡོད།

    ཟླ་6ཚེས་25ཉིན་གྱི་ཆུ་ཚོད་12བར། ཚོང་དོན་པུའི་རླངས་འཁོར་གསར་རྙིང་བརྗེ་བའི་ཆ་འཕྲིན་ལས་སྟེགས་སུ་རླངས་འཁོར་བེད་མེད་གསར་བརྗེས་ཁ་གསབ་འདུན་ཞུ་ཁྲི་11.3འབྱོར་ནས་འདུན་ཞུ་བྱེད་ཚད་མགྱོགས་མྱུར་འཕར་བའི་རྣམ་པ་ཞིག་མངོན་ཡོད།

    《ཇུས་གཞིའི》ནང་། སྲིད་ཇུས་ཀྱི་ཁྲིད་སྟོན་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། 2025ལོར་སླེབས་སྐབས། རྒྱལ་ཁབ་ཀྱི་དུས་མཚམས་གསུམ་པའི་མཇུག་རླངས་འབུད་ཚད་ཚད་གཞི་དང་དེའི་མན་གྱི་མཇུག་རླངས་འབུད་ཚད་ཚད་གཞི་ལྡན་པའི་འགྲུལ་ཟོག་སྐྱེལ་འདྲེན་རླངས་འཁོར་གང་མགྱོགས་བེད་མེད་དུ་བཏང་ནས་ནུས་ཆེའི་ནུས་རྒྱུ་གྲོན་ཆུང་གི་ཁྱིམ་སྤྱོད་གློག་ཆས་ཁྲོམ་རས་བཟུང་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་། བེད་མེད་རླངས་འཁོར་བསྡུ་ཚད་དེ་2023ལོ་ལས་50%འཕར་བ་དང་། མཁོ་མེད་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་བསྡུ་ཚད་དེ་2023ལོ་ལས་15%འཕར་བར་བརྩོན་ལེན་བྱ་རྒྱུ་དང་། 2027ལོར་སླེབས་སྐབས། བེད་མེད་རླངས་འཁོར་བསྡུ་ཚད་དེ་2023ལོ་ལས་ལྡབ་གཅིག་འཕར་བ་དང་། ལག་བརྒྱུད་རླངས་འཁོར་ཉོ་ཚོང་བྱེད་ཚད་2023ལོ་ལས་45%འཕར་བ། མཁོ་མེད་ཀྱི་ཁྱིམ་སྤྱོད་གློག་ཆས་རྙིང་པ་ཕྱིར་བསྡུ་བྱེད་ཚད་2023ལོ་ལས་30%འཕར་བར་བརྩོན་ལེན་བྱ་རྒྱུ་ཡིན་པ་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།