དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོའི“འོད་བརྙན་གྱི་ཀྲུང་གོ”ཞེས་པའི་བརྙན་པར་འཚོལ་བསྡུའི་བྱ་སྤྱོད་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    ཚེས་7ཉིན། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་དུ་2024ལོའི“འོད་བརྙན་གྱི་ཀྲུང་གོ”ཞེས་པའི་བརྙན་པར་འཚོལ་བསྡུའི་བྱ་སྤྱོད་སྤེལ་འགོ་ཚུགས་པ་རེད། གནས་ཚུལ་སྤེལ་གཏོང་ཚོགས་པ་ཧུའུ་པེ་དང་ཧྲའན་ཤིས་སོགས་སུ་བསྐྱོད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་ཐོན་རྫས་རབ་དང་རིམ་པ་འདོན་རྒྱུ་ཡིན་པ་རེད།

    བྱེད་སྒོའི་ས་ཚིགས་དང་པོ་ཡིན་པའི་ཝུའུ་ཧན་གྲོང་ཁྱེར་དུ་བསྐྱོད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ལ་གཞིགས་ནས། ས་གནས་དེ་གའི་མི་ཆོས་རིག་གནས་ཀྱི་ནང་དོན་ཟབ་མོ་སྔོག་འདོན་བྱས་ནས་ང་ཚོའི་མིག་ལམ་དུ་བསྟར་རྒྱུ་རེད། དེ་རྗེས་གནས་ཚུལ་སྤེལ་གཏོང་ཚོགས་པ་ད་དུང་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་དང་། པའོ་ཅི་གྲོང་ཁྱེར། ཅང་སུའུ་ཞིང་ཆེན་ཝུའུ་ཤིས་གྲོང་ཁྱེར་སོགས་སུ་བསྐྱོད་དེ། ས་གནས་དེ་གའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་། ལྗང་མདོག་ཐོན་ལས་འཕེལ་རྒྱས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བ་སོགས་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་གྱི་ཐད་ནས་བཅར་འདྲི་བྱ་རྒྱུ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། “འོད་བརྙན་གྱི་ཀྲུང་གོ”ཞེས་པའི་བརྙན་པར་འཚོལ་བསྡུའི་བྱ་སྤྱོད་ནི་2023ལོར་སྤེལ་འགོ་ཚུགས་ཤིང་། དེའི་དམིགས་ཡུལ་ནི་འོད་བརྙན་གྱི་རྣམ་པ་དང་མངོན་སུམ་གྱི་གཏམ་རྒྱུད་ཐོག་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བརྟན་པོ་གཏོང་བའི་གསོན་ཉམས་དོད་པའི་རྣམ་པ་མངོན་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།