དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སི་ཁྲོན་ཏུའུ་ཅང་གཡན་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    ཁྲོམ་གཞུང་དུ་ཚོས་སྔོན་པོ་དང་སྨྱུག་མའི་ཐོན་རྫས་ཁྱབ་པ་དང་། གནའ་ཁྲོམ་དུ་རིག་གནས་བསམ་བཀོད་ཀྱི་ཚོང་ཁང་སྤོས་པ། དར་སྲོལ་བར་མཐོངས་སུ་བཟོ་ལས་ཤུལ་བཞག་གི་བཟོ་སྐྲུན་མངོན་པ་སོགས་སི་ཁྲོན་ཞིང་ཆེན་ཏུའུ་ཅང་གཡན་གྲོང་ཁྱེར་གྱིས་རིག་གནས་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་སྣ་མང་འཛད་སྤྱོད་རྣམ་པ་བཏོད་དེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་རམ་འདེགས་བྱས་པ་རེད།

    ཏུའུ་ཅང་གཡན་གྲོང་ཁྱེར་ལ་དུས་མཚུངས་སུ་འཛམ་གླིང་རང་བྱུང་ཤུལ་བཞག་དང་། འཛམ་གླིང་རིག་གནས་ཤུལ་བཞག འཛམ་གླིང་ཆུ་འདྲེན་ལས་གྲྭའི་ཤུལ་བཞག་བཅས་ཡོད་པ་མ་ཟད། ད་དུང་། རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཡིན་པའི་ཏུའུ་ཅང་གཡན་གྱི་ཆུ་གློད་པའི་དུས་ཆེན་དང་། མཁར་སྔོན་ཕུག་པའི་གནའ་བོའི་ཆོས་ལུགས་རོལ་དབྱངས་དང་། མཁར་སྔོན་དྲག་རྩལ། ལིའུ་ཅེའི་ལྗང་འཛུགས་ལས་གཞས་སོགས་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཀྱང་ཡོད་ཅིང་། རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས། ཏུའུ་ཅང་གཡན་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་ལྗོངས་རྣམ་ཅན་དང་ཐོན་རྫས་ཅན་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་སྟེ། སྔ་རྗེས་སུ་མཉམ་འདྲེས་གསར་གཏོད་རིག་གནས་ཡུལ་སྐོར་གྲོང་སོགས་ཀྱི་རྣམ་གྲངས་སྐྱེད་སྲིང་བྱས་པ་དང་། “ཡིད་འོང་ཁྲེང་ཏུའུ། འཚོ་བའི་མཛེས་རིག”གི་ལྗོངས་རྣམ་གསར་པ་ཁག་14བཏོད་པ། “ཡུལ་སྐོར་གསར་པ། ཁྲེང་ཏུའི་དར་སྲོལ”གྱི་དམིགས་ས་ཁག་29དང་གཟའ་མཇུག་གི་ཡུལ་སྐོར་ལྗོངས་རྣམ(ས་ཚིགས)སྤུས་དག་ཁག་40བཏོད་པས། རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་དར་སྲོལ་རྟགས་བྱང་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་མཁར་སྔོན་རི་བོ་ནས་ཏུའུ་ཅང་གཡན་བར་གྱི་མཛེས་ལྗོངས་ཁུལ་གྱིས་རིམ་རྩིས་བརྒྱབ་ན་ཡུལ་སྐོར་བ་མི་ཐེངས་ཁྲི་541.79ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་16.35%འཕར་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།