དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ད་ལོའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་ཐེངས་དང་པོར་སྤྱི་ཡོངས་ཀྱི་ཚད་གཞི་ལོན་ཚད་98%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-10

    ཞིང་ལས་གྲོང་གསེབ་པུའུ་ཡིས་2024ལོའི་རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཐད་ཀྱི་འཆར་ཅན་ལྟ་ཞིབ་ཚད་ལེན་ཐེངས་དང་པོ་ཟླ་5པ་ནས་ཟླ་6པའི་བར་སྒྲིག་འཛུགས་བྱས་ཏེ། སྔོ་ཚལ་དང་། ཤིང་འབྲས། ཇ་ལོ། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས། ཆུའི་ཐོན་རྫས་བཅས་ཐོན་རྫས་རིགས་ཆེན་པོ་5ཡི་མ་དཔེ་ཁག་7835ལ་འཐེན་བཤེར་བྱས་པ་དེ་དག་སྣ་ཁ་རིགས་104དང་དཔྱད་གྲངས་ཁག་135དང་འབྲེལ་བ་ཡོད་ཅིང་། དེ་དག་གི་སྤྱི་ཡོངས་ཀྱི་ཚད་གཞི་ལོན་ཚད་98%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.5འཕར་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་འཆར་ཅན་ལྟ་ཞིབ་ཚད་ལེན་ཐེངས་དང་པོར་ཞིང་ཆེན་31གི་གྲོང་ཁྱེར་ཆེ་འབྲིང་ཁག་108ཀྱི་སྔོ་ཚལ་དང་། ཤིང་འབྲས། ཇ་ལོ་བཅས་ཀྱི་ཐོན་སྐྱེད་རྟེན་གཞི་ཁག་950དང་། སྔོ་ཚལ་དང་ཤིང་འབྲས་སྐྱེལ་འདྲེན་རླངས་འཁོར་165 གསོ་ཚགས་ར་བ་ཁག་160 ཆུའི་ཐོན་རྫས་སྐྱེལ་འདྲེན་རླངས་འཁོར་212 གནས་སྐབས་གསོ་ཚགས་རྫིང་བུ་ཁག་464 ཞིང་ལས་ཐོན་རྫས་སྡེབ་ཚོང(ཚལ་ཁྲོམ)ཁྲོམ་ར་839སོགས་ནས་འཐེན་བཤེར་བྱས་པ་རེད། ལྟ་ཞིབ་ཚད་ལེན་བྱས་འབྲས་ལས་མངོན་པར། སྔོ་ཚལ་དང་། ཤིང་འབྲས། ཇ་ལོ། སྒོ་ཕྱུགས་དང་ཁྱིམ་བྱའི་ཐོན་རྫས། ཆུའི་ཐོན་རྫས་བཅས་ཀྱི་ཚད་གཞི་ལོན་ཚད་ཁག་སོ་སོར་97.8%དང་། 97.4% 98.5% 99.4% 95.9%ཟིན་ཡོད་པ་རེད།

    ཞིང་ལས་གྲོང་གསེབ་པུའུ་ཡིས་ལྟ་ཞིབ་ཚད་ལེན་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་རྣམས་ས་གནས་ཁག་ལ་བརྡ་ཁྱབ་བཏང་ནས། ས་གནས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་ལ་དུས་བཀག་ནང་གནད་དོན་རྩད་གཅོད་གསལ་པོ་ཐུབ་པ་དང་། རྗེས་སྙེག་ཐག་གཅོད་བྱེད་པ། གནད་དོན་གྱི་མངོན་མེད་རྐྱེན་ངན་སེལ་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། གནད་དོན་གཙོ་བོ་ཐོན་པའི་ཐོན་རྫས་ཀྱི་སྣ་ཁར་དམིགས་ཏེ་ཞིང་སྨན་ལྷག་འཕྲོ་འགག་སྒྲོལ་བཅོས་སྐྱོང་དང་། ཁྱོན་ཡོངས་ལ་ཁྱབ་པའི་ཡིག་ཚགས་དང་གཱ་བཟོ་བ། ཁྲོམ་རར་འདོན་པ་དང་རྫིང་བུ་ནས་འདོན་པ་དག་ཁག་ཐེངས་རེ་རེར་མྱུར་དཔྱད་བྱེད་པ། རྒྱུན་གཏན་གྱི་སྐོར་བཤེར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཟླ་རེར་འཐེན་བཤེར་དང་ཟླ་རེར་བརྡ་ཁྱབ་གཏོང་བ་བཅས་བྱས་ནས་ལྟ་སྐུལ་དཔྱད་ཞིབ་ལ་ཤུགས་སྣོན་བརྒྱབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།