དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲའན་ཤིས་ཨན་ཁང་གིས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སུ་སྒྱུར་མགྱོགས་སུ་བཏང་བ།

    སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་བར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  འདི་ག་ཚགས་པར་གྱི་གསར་འགོད་པ། ཀའོ་པིང་དང་ཧན་ཤིན།   |     སྤེལ་དུས།  2024-07-10

    དབྱར་དུས་ཀྱི་ཞོགས་པར། ཧྲའན་ཤིས་ཨན་ཁང་གྲོང་ཁྱེར་ཧན་པིན་ཆུས་དབྱིང་ཧུའུ་གྲོང་རྡལ་ཆའོ་ཤིང་གྲོང་ཚོར་ཤིས་ཨན་ནས་ཡོང་བའི་ཡུལ་སྐོར་བ་ལི་ཧུང་མའེ་ཡིས་ལག་ཐོགས་ཁ་པར་ཡང་སེ་བཀྱགས་ནས་པར་རྒྱག་བཞིན“ཡུལ་ལྗོངས་ཧ་ཅང་མཛེས་ཤིང་མཁའ་རླུང་གཙང་མ་འདུག་པས། ད་ཐེངས་ཨན་ཁང་དུ་ཡུལ་སྐོར་ལ་ཡོང་རིན་ཆོག་འདུག”ཅེས་བརྗོད།

    སྐྱེ་ཁམས་ནུས་སྐྱེད་ལ་བརྟེན་ནས་ཨན་ཁང་གྲོང་ཁྱེར་གྱིས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སུ་སྒྱུར་མགྱོགས་སུ་བཏང་སྟེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།

    ཡུལ་མི་ལེང་ཡུང་ཅུས་ཀྱི་ཁྱིམ་གྱི་རྒྱབ་ཏུ་རི་དང་མདུན་དུ་ཆུ་ཡོད། གནས་འདིའི་ཁྱིམ་ཚང་མགྲོན་ཁང་ཚང་མ་སྒོ་ཕྱེ་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་ཡོད་ཅིང་། ལེང་ཡུང་ཅུས་ཀྱིས“དེ་སྔ་ང་ཚོས་དྲ་སྒམ་དུ་ཉ་གསོས་ནས་ཡོང་འབབ་གསོག་གི་ཡོད”ཅེས་བརྗོད།

    རླབས་ཕྲེང་ཆལ་ཆིལ་གཡོ་བཞིན་པའི་དབྱིང་ཧུའུ་མཚེའུ་ཧན་ཅང་གཙང་པོའི་ཆུ་གཞུང་དུ་ཆགས་ཤིང་། དེ་ནི་ཧྲའན་ཤིས་ཀྱི་མཛོད་ཁུལ་རྣམ་པའི་མཚེའུ་ཆེ་ཤོས་ཤིག་ཡིན་པ་དང་། ལྷོ་ཆུ་བྱང་འདྲེན་གྱི་བར་རྒྱུད་ལས་གྲྭའི་ཆུ་རྩ་གསོ་འཁྱོངས་ཀྱི་འགན་འཁྲི་གལ་ཆེན་ཁུར་ཡོད། 2018ལོ་ནས་བཟུང་། ཨན་ཁང་གྲོང་ཁྱེར་གྱིས་དབྱིང་ཧུའུ་མཚེའུ་ཆུ་མཛོད་ཁུལ་གྱི་ཉ་གསོའི་དྲ་སྒམ་ཁྲི་3ལྷག་ཙམ་གཙང་སེལ་བྱས་པ་དང་། ཉ་པ་དུད་ཚང་400ལྷག་ཙམ་ཆུ་ངོགས་སུ་སྤོས་ནས་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཏང་ཡོད།

    རང་ཁྱིམ་གྱི་སྒོ་ཁའི་ཡུལ་ལྗོངས་པིར་གྱིས་བྲིས་པ་བཞིན་ལྟ་ན་སྡུག་པས། ལེང་ཡུང་ཅུས་ཀྱིས་རང་ཁྱིམ་གྱི་སྡོད་ཁང་ཁང་གླར་བཏང་། ཡུན་རིང་མ་སོང་བར། སྒོ་ར་དང་ཁང་པ་ཁང་མིག་5ཡོད་པའི་ཁྱིམ་ཚང་མགྲོན་ཁང་ལ་སྒྱུར་བཀོད་བྱས་པས་ལེང་ཡུང་ཅུས་ལ་ལོ་ལྟར་ཁང་གླ་སྒོར་ཁྲི་8ལེན་རྒྱུ་ཡོད་ཅིང་། ལེང་ཡུང་ཅུས་ཀྱིས“ད་དུང་ང་རང་ཁྱིམ་ཚང་མགྲོན་ཁང་གི་གཉེར་པར་གདན་དྲངས་པ་དང་། ཟླ་རེར་གླ་ཆ་སྒོར་3000ལྷག་ཙམ་ལེན་རྒྱུ་ཡོད”ཅེས་བརྗོད།

    དབྱིང་ཧུའུ་མཚེའུ་ཡི་ཆུ་མོ་དེ་བས་དྭངས་བ་དང་ཡུལ་ལྗོངས་དེ་བས་མཛེས་པས། སྐྱེ་ཁམས་བཟང་པོར་བརྟེན་ནས་ཡུལ་མིའི་ཡོང་འབབ་འཕར་ཞིང་། ཆའོ་ཤིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཐང་ཧན་པང་གིས“ད་ལོའི‘ལྔ་གཅིག’དང་ལྔ་པའི་ཚེས་ལྔའི་གུང་གསེང་རིང་ང་ཚོའི་གྲོང་ཚོར་ཡུལ་སྐོར་བ་མང་པོ་སླེབས་བྱུང་། གྲོང་ཚོ་ཡོངས་ཀྱི་མི་50ལྷག་ཙམ་ལ་སྒོ་རྩ་ནས་ལས་ཀ་བརྟན་པོ་རག་ཡོད”ཅེས་བརྗོད།

    རི་གཤམ་དུ་ཡུལ་སྐོར་འགྲོ་འོང་ལྷག་པར་ཆེ། རི་སྟེང་དུ་ཀྭ་རིགས་ཤིང་ཏོག་དྲི་ཞིམ་འཐུལ། ཉིན་ཤས་གོང་ཡུལ་མི་མོང་ཧྥ་མིང་གིས་ཤིང་ཏོག་ཞུ་མཁན་བསྡུ་མ་ཐག་ཡིན་པ་དང་། དེ་རྗེས་མི་གླས་ནས་གླིང་ཁུལ་དུ་ལུད་རྒྱག་པ་དང་འབྲས་ཤིང་ལ་ཡལ་གཅོད་རྒྱག་བཞིན་ཡོད།

    2018ལོར་མཚེའུ་ནང་གི་ཉ་གསོའི་དྲ་སྒམ་བཤིག་རྗེས། མོང་ཧྥ་མིང་གིས་ཆུ་ངོགས་སུ་ཤིང་ཏོག་ཞུ་མཁན་འདེབས་རྒྱུའི་ཐག་བཅད། “ཉ་པ་རྒན་གྲས”ནས“འབྲས་ཤིང་འདེབས་མཁན་གསར་པར”གྱུར་པ་དང་། མོང་ཧྥ་མིང་གིས་ས་ཞིང་ནང་བཤུག་བླངས་ནས་ཤིང་ཏོག་ཞུ་མཁན་མུའུ་50ལྷག་ཙམ་དང་ཇ་ལོ་མུའུ་10ལྷག་ཙམ་བཏབ་སྟེ་ཡུལ་མི་20ལྷག་ཙམ་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

    “ད་ལོ་ཤིང་ཏོག་ཞུ་མཁན་སྐྱེས་འཚར་བཟང་པོ་འདུག ཐོན་འབབ་རྒྱ་མ་ཁྲི་1.6ལྷག་ཙམ་ཟིན་པ་དང་ཁེ་བཟང་ཚང་མ་སྒོར་ཁྲི་30ལྷག་ཙམ་ཡོང་བཟོ་འདུག ད་དུང་དྲ་ཐོག་དང་དྲ་ཕྱིར་མངགས་ཐོ་མི་ཉུང་བ་ཞིག་འདུག”ཅེས་མོང་ཧྥ་མིང་གིས་བརྗོད།

    མིག་སྔར། དབྱིང་ཧུའུ་གྲོང་རྡལ་དུ་ཤིང་ཏོག་ཞུ་མཁན་འདེབས་འཛུགས་བྱེད་མཁན་ཞིང་དུད་ཁྱོན་1176ཡོད་པ་དང་། ཆ་སྙོམས་ཞིང་དུད་12རེའི་ནང་ནས་དུད་ཚང་1གིས་ཤིང་ཏོག་ཞུ་མཁན་འདེབས་པར་བརྟེན་ནས་ཡོང་འབབ་གསོག་གི་ཡོད། ན་ནིང་དབྱིང་ཧུའུ་མཚེའུ་ཁུལ་གྱི་ཤིང་ཏོག་ཞུ་མཁན་ལ་ཐོན་འབབ་ཏུན་500ལྷག་ཙམ་ཟིན་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་ཁྲི་2000ལྷག་ཙམ་ཟིན་ནས། ཆ་སྙོམས་དུད་ཚང་རེར་ཡོང་འབབ་སྒོར་ཁྲི་2ལྷག་ཙམ་འཕར་ཡོད།

    ལྗང་མདོག་འཕེལ་རྒྱས་འགྲོ་བ་ནི་དབྱིང་ཧུའུ་མཚེའུ་ཁུལ་ཙམ་ཁོ་ནར་མིན།

    རི་སྔོ་ཆུ་དྭངས་ཁྲོད་དུ་སྐྱེ་ཁམས་ཡུལ་སྐོར་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད། ད་ཆ་ཨན་ཁང་གྲོང་ཁྱེར་དུ་ཞིང་ཆེན་རིམ་པའི་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་གྲགས་ཅན་18དང་ཞིང་ཆེན་རིམ་པའི་གྲོང་གསེབ་ཡུལ་སྐོར་དཔེ་སྟོན་གྲོང་ཚོ་30ལྷག་ཙམ་ཡོད་པ་དེ་དག་གིས་ཁྱིམ་ཚང་མགྲོན་ཁང་200ལྷག་ཙམ་བསྐྲུན་ཡོད། 2023ལོར་རིམ་རྩིས་བརྒྱབ་ན་ཨན་ཁང་གྲོང་ཁྱེར་གྱིས་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4637ལ་སྣེ་ལེན་ཞུས་ཡོད།

    སྐྱེ་ཁམས་ལ་བརྟེན་ནས་ཡོང་འབབ་འཕར་བར་བྱས་ཤིང་། ཆིན་པ་རི་ཁུལ་དུ་ཤིང་ཏོག་གི་དྲི་ཞིམ་གང་སར་འཐུལ། ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཨན་ཁང་གྲོང་ཁྱེར་གྱིས་ཆིན་པ་རི་ཁུལ་གྱི་སྤུས་ལེགས་ཁམ་བུ་སྨི་ཧོའུ་ཐའོ་ཡི་ཐོན་ལས་རྒྱུད་དང་། ཧན་ཅང་གཙང་པོ་རྒྱུག་ཁུལ་གྱི་སྤུས་ལེགས་ཚ་ལུ་མའི་ཐོན་ལས་རྒྱུད། དབྱིང་ཧུའུ་མཚེའུ་ཡི་དུས་ཚིགས་ཤིང་ཏོག་ཐོན་ལས་རྒྱུད་སོགས་སྐྱེད་སྲིང་ཤུགས་ཆེན་བྱས་ཡོད། 2023ལོའི་ལོ་མཇུག་བར། ཨན་ཁང་གྲོང་ཁྱེར་གྱིས་ཤིང་ཏོག་ལས་རིགས་དེང་རབས་ཞིང་ལས་གླིང་148བསྐྲུན་པར་ཤིང་འབྲས་འདེབས་ཁྱོན་མུའུ་ཁྲི་46.85ཟིན་པ་དང་། ཐོན་འབབ་ཏུན་ཁྲི་26.48ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།