དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱོད་ཚུལ་ལེགས་གཏོང་ལ་ཚར་དུས་མེད། དོན་འཁྱོལ་དམ་འཛིན་གྱིས་དངོས་ཕན་ཐོན།

    —— གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་རྩ་འཛུགས་ལས་དོན་ཏན་ཏིག་བསྒྲུབས་ནས་མདུན་གྲལ་དུ་སླེབས་པར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-10

    2023ལོར་གཞིས་རྩེ་གྲོང་ཨུད་རྩ་འཛུགས་པུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས། “བྱེད་ཕོད་པ་བཞིའི”བླང་བྱ་ལག་ལེན་ཤུགས་ཆེན་བསྟར་བ། སྤྱོད་ཚུལ་ལེགས་སུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། མཁས་འདེམས་འཇོན་བསྐོ་དང་། རྩ་སྲ་རྨང་བརྟན། མཁས་སྐྱོང་མཁས་བསྡུ་བཅས་ཀྱི་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་པ་དང་ཚད་བརྒལ་གསར་པ་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།

    བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་བཙུགས་པ།

    “དོན་ཆེན་བཞི”ལ་དམིགས་ཏེ་ལས་བྱེད་པ་འདེམས་པ་དང་ཚན་ཁག་བཀོད་སྒྲིག་བྱས་ཤིང་། ལས་བརྟེན་མི་འདེམས་དང་། མི་དང་ལས་གནས་འཚམ་པར་བྱས་ཏེ། ཆབ་སྲིད་ཐད་བློ་དཀར་སེམས་དཀར་དང་བློས་འགེལ་ཆོག་པ་དང་། ཆེད་ལས་ཀྱི་བྱང་ཚད་མཐོ་བ། འགན་སེམས་ཆེ་ལ་འགན་འཁྲི་ཧུར་ཐག་འཁུར་བ། བྱེད་ཕོད་པ་དང་སྒྲུབ་ཕོད་པ། ལག་ལེན་དང་དངོས་སུ་སྒྲུབ་པ། སྤྱོད་གཙང་དང་སྲིད་གཙང་རང་བཀུར་བཅས་ཀྱི་ལས་བྱེད་པ་འདེམས་སྒྲུག་དང་བེད་སྤྱོད་ཤུགས་ཆེན་བྱས་པ་རེད། 2023ལོར་གོ་གནས་སྤར་བའི་ལས་བྱེད་པའི་ཁྲོད་གཞི་རིམ་གྱི་ལས་ཀའི་ཉམས་མྱོང་ཡོད་པའི་ལས་བྱེད་པས་78%ཟིན་པ་དང་གཞི་རིམ་གྱི་འཐབ་ཕྱོགས་དང་པོ་ནས་ཐད་ཀར་གོ་གནས་སྤར་བའི་ལས་བྱེད་པ་50%ལས་བརྒལ་ཡོད་པ་རེད།

    ལས་བྱེད་པ་གསོ་སྐྱོང་དང་སྤེལ་རེས་བྱེད་ཤུགས་ཆེ་རུ་བཏང་ཞིང་། ལས་བྱེད་པ་8ཀྲུང་དབྱང་གི“པུའུ་ཨུད་གསུམ”ལ་གནས་སྦྱར་སྦྱོང་བརྡར་ལ་མངགས་པ་དང་། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་ལས་སྒོའི་རྐང་འཛིན་པ་54དང་རྫོང་དང་ཆུས་ཀྱི་ན་གཞོན་ལས་བྱེད་པ་214ཁ་གཏད་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དུ་གནས་སྦྱར་སློབ་སྦྱོང་ལ་བཏང་བ། ས་བབ་མཐོ་དམའི་རྫོང་རིམ་པའི་ལས་བྱེད་པ་18དབར་སྤེལ་རེས་དང་གྲོང་ཁྱེར་དང་རྫོང་གི་དབར་རྫོང་རིམ་པའི་ལས་བྱེད་པ་20སྤེལ་རེས་བྱེད་པར་སྐུལ་འདེད་བཏང་བ། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ཕུལ་བྱུང་ན་གཞོན་ལས་བྱེད་པ་140སྒྲིག་འཛུགས་བྱས་ཏེ་ཕན་ཚུན་གནས་སྦྱར་སྦྱོང་བརྡར་བྱས་པ་རེད།

    ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་རྒྱུར་སྐུལ་མ་བཏང་བ།

    སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཞིང་། གླ་ཕོགས་ཕན་བདེ་དང་། སྡོད་ཁང་། སྨན་པ་བསྟེན་པ། བུ་ཕྲུག་སློབ་ཞུགས། རྒན་ཡོལ་ཞུས་པའི་མི་སྣ་བཀོད་སྒྲིག་སོགས་ཀྱི་སྲིད་ཇུས་དང་ཐོབ་ཐང་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཡོངས་ལ་ཁྱབ་པའི་ལས་བྱེད་པའི་བདེ་ཐང་ཡིག་ཚགས་བཟོས་ནས་ཧྲང་ཧའེ་དང་ཧྲན་ཏུང་གི་སེམས་ཁམས་བདེ་ཐང་ཐད་ཀྱི་རིགས་གཅིག་མཁས་ཅན་11གདན་དྲངས་ནས་ལས་བྱེད་པར་སེམས་ཁམས་བདེ་ཐང་སྐོར་གྱི་འཆད་ཁྲིད་བྱས་པ་དང་དང་ལས་བྱེད་པ་ས་ཆ་གཉིས་སུ་གྱེས་པ་སོགས་དངོས་ཡོད་དཀའ་ངལ་ཡོད་པའི་མི་སྣ་246གི་དཀའ་ངལ་སེལ་རོགས་བྱས་པ་རེད།

    དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་བྱས་ཤིང་། རྫོང་དང་ཆུས་དང་། གྲོང་ཁྱེར་ཐད་གཏོགས་ཚན་པ། ལས་རིགས་སློབ་གྲྭ གཞུང་ཁོངས་ཁེ་ལས་བཅས་ལ་དཔྱད་ཞིབ་བྱ་ཐབས་4རིགས་དབྱེ་ནས་བཟོས་པ་དང་། ཁྱད་པར་ཡོད་པའི་དཔྱད་ཞིབ་དམིགས་ཚད་བཟོས་པ། དཔྱད་ཞིབ་ཚོགས་ཆུང་18བཙུགས་ནས་རྫོང་རིམ་པའི་འགོ་ཁྲིད་ཚན་ཁག92དང་རྫོང་རིམ་པའི་ལས་བྱེད་པ་1038ལ་ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་བྱས་པ། “སྤྱིར་བཏང”རིམ་པར་བདམས་པའི་ཚན་པ་11ལ་ཐུན་མོང་ཐོག་སྐོང་འདྲི་བྱས་པ། 2023ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་དམིགས་ཚད་མ་ལག་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཡོད།

    གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་སྟོབས་ལྡན་ཞིག་བསྐྲུན་པ།

    “འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་དཔེ་སྟོན་ས་ཚིགས་འཛུགས་སྐྱོང་ལག་བསྟར་བྱས་ཤིང་། འཛུགས་གཏོད་དོ་དམ་བྱ་ཐབས་བཏོན་པ་དང་། ས་ཚིགས་གཙང་ལེན་གྱིས་འབྲེལ་གཏུག་མཛུབ་ཁྲིད་དང་ཕྱིར་འཐེན་ལམ་སྲོལ་བཙུགས་པ། “འཛུགས་གཏོད་བཞིའི”གཞི་རིམ་ཏང་རྩ་འཛུགས་ཀྱི་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ས་ཚིགས་48དང་གྲོང་ཁྱེར་རིམ་པའི་དཔེ་སྟོན་ས་ཚིགས་144བསྐྲུན་པ། འཛུགས་གཏོད་ལས་དོན་གྱི་ཡུལ་དངོས་ཀྱི་སློབ་ཁྲིད་ས་ཚིགས་50བཙུགས་ནས“གཙང་པོ་དང་། མཐའ་མཚམས། གཞུང་ལམ”བཅས་རྒྱུདཀྱི་ཏང་འཛུགས་སྐྱོང་དཔེ་སྟོན་ས་ཚིགས་གསུམ་གྱི་ཐོག་མའི་རྣམ་པ་རགས་ཙམ་ཆགས་པར་བྱས་པ་རེད།

    གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཞིང་། ཁྱབ་ཁོངས་དང་། མ་ལག ཚན་པ་བཅས་བགོས་ནས་གསལ་ཐོ་བཟོས་ཏེ། “བལྟ་ཆོག་པ”དང་། “སློབ་སྦྱོང་བྱེད་ཆོག་པ” “དཔྱད་གཞིར་འཛིན་ཆོག་པ”བཅས་ཀྱི་ཤང་གྲོང(ཁྲོམ་གཞུང)གི་ཚད་ལྡན་ཅན་གྱི་ཏང་འཛུགས་སྐྱོང་གི་དཔེ་མཚོན་42བཏོད་པ་དང་། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་49ལ་དག་ཐེར་བྱས་པ། གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་གི་ཚད་གཞི་ལོན་ཚད་35%ཟིན་ཡོད།

    ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་བཏང་ཞིང་། དྲ་མིག་ཅན་གྱི་དོ་དམ་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དྲ་མིག་དཔོན་དང་། དྲ་མིག་པ། གཉིས་ལྡན་དུད་སྦྲེལ་སྤྱི་མི་བཅས་ཀྱི་ཁྲོད་ཏང་ཡོན་གྱིས་བསྡུར་གྲངས་བཟུང་ཚད་100%དང་། 83.02% 31.06%བཅས་སོ་སོར་ཟིན་ཡོད། “གནད་དོན་གསལ་སྟོན་གྱང་དང་གནད་དོན་ཐག་གཅོད་རྩིག་པར”བརྟེན་ནས“མང་ཚོགས་ཀྱིས་མངགས་པ་དང་ཏང་ཡོན་གྱིས་དང་ལེན་བྱེད་པ”སོགས་ཀྱི་བྱ་ཐབས་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་1600ལྷག་ཙམ་ཐག་གཅོད་བྱས་པ་རེད།

    ཤེས་ལྡན་པ་ནང་འདྲེན་དང་གསོ་སྐྱོང་བྱེད་པའི་ལས་དོན་ཏན་ཏིག་བསྒྲུབས་པ།

    ཤེས་ལྡན་པ་འདྲེན་ཤུགས་ཆེ་རུ་བཏང་ཞིང་། “ཤེས་ལྡན་པའི་ལས་དོན་སྐོར་གྱི་དོན་ཚན་19”ཡི་གཟིགས་སྐྱོང་ཡག་པོ་སྤྱད་དེ་འཇབ་ཐབས་ཐོག་ནས་ཤེས་ལྡན་པ་འདྲེན་འགུག་དང་། དུས་ཐུང་རོགས་སྐྱོར། ཁས་ལེན་གཙོ་འགན་སོགས་ཀྱི་བྱ་ཐབས་རབ་དང་རིམ་པ་བཏོན་ནས“1+5”ཤེས་ལྡན་པ་ནང་འདྲེན་མ་ལག་བཙུགས་ཏེ་ཁ་ཚ་དགོས་གཏུག་གི་ཤེས་ལྡན་པ་75ནང་འདྲེན་བྱས་པ་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་དང་ཁེ་ལས་ཀྱིས་དུས་ཐུང་རོགས་སྐྱོར་ཤེས་ལྡན་པ་34མངགས་པར་མཐུན་སྦྱོར་བྱས་པ་རེད།

    རང་ཡུལ་ནས་གསོ་སྐྱོང་ལ་མཐོང་ཆེན་བྱས་ཤིང་། གྲོང་གསེབ་ཀྱི་ཤེས་ལྡན་པ་དར་རྒྱས་གཏོང་བའི“མི་སྟོང་འདུ་འགོད”ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་འབྲོག་དང་། སྨན་བཅོས། འཕྲོད་བསྟེན། སློབ་གསོ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་ཤེས་ལྡན་པ་མི་ཐེངས་ཁྲི་5.6ལྷག་ཙམ་གསོ་སྦྱོང་བྱས་ཡོད། “བོད་ལྗོངས་དམིགས་བསལ་གསོ་སྐྱོང”དང“ནུབ་རྒྱུད་འོད་སྣང”ལ་མི་19མངགས་པ་རེད། སློབ་གྲྭ་དང་ས་གནས་དབར་མཉམ་ལས་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཧྲང་ཧའེ་ཀྲུང་ལུགས་གསོ་རིག་སྨན་རྫས་སློབ་ཆེན་དང་མཉམ་དུ“ཆི་ཧོང་མི་སྣ་གསོ་སྐྱོང་གི་ལག་ལེན་རྟེན་གཞི”བསྐྲུན་པ་དང་ཀྲུང་ལུགས(བོད་ལུགས)དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་མཐུན་ཚོགས་གྲབས་འཛུགས་ཧུར་ཐག་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།