ཧུའུ་པེས་ལྷོ་ཁར་ཁ་གཏད་རོགས་སྐྱོར་བྱས་པ།
མུ་མཐུད་འབད་འཐབ་བྱས་ནས་ཡར་ཀླུང་གི་ལེའུ་གསར་པ་བརྩམས།
ལས་ཞུགས་རྒྱ་སྐྱེད་དང་འབབ་འཕར་ལ་སྐུལ་འདེད།
ཐོན་ལས་བོད་སྐྱོར་ལས་དོན་མཚམས་མི་འཇོག་པ།
ཐོན་ལས་བོད་སྐྱོར་ནི་བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་དང་མང་ཚོགས་ལས་ཞུགས་འབབ་འཕར་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་ཞིག་ཡིན།
2019ལོར། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སུ་བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་ནས་བཟུང། ས་གནས་དེ་གའི་མང་ཚོགས་ལ“སྒོ་རྩར”ལས་ཞུགས་ཐུབ་པ་མཐའ་འཁྱོངས་བྱས་ནས། མིག་སྔའི་བར་མང་ཚོགས་100ལྷག་ཙམ་ལས་ཞུཌ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་རེད། གཞན་ཡང་བོད་ལྗོངས་ཆིང་ནུའོ་ཚན་རྩལ་ཐོན་ལས་གསོ་སྐྱོང་གླིང་དང་བོད་ལྗོངས་ཨན་ཆི་སྐྱེ་དངོས་ཚན་རྩལ་ཚད་ཡོད་ཀུང་སིས་ཧུའུ་པེ་ཡུན་ཏང་ཚན་རྩལ་ཚད་ཡོད་ཀུང་སི་སོགས་ཁེ་ལས་དང་མཉམ་དུ་ཐག་ཉེ་སའི་ལས་མི་ཁྱོན་2300ལྷག་ཙམ་བསྡུས་ཡོད་པ་རེད།
ཉ་སྟེར་བ་ལས་འཛིན་སྟངས་སློབ་པ་དགའ་ཞེས་པ་ལྟར། ཧུའུ་པེའི་བོད་སྐྱོར་ཁེ་ལས་ཀྱིས་རྣམ་གྲངས་ནང་འདྲེན་བྱེད་པའི་དུས་མཚུངས་སུ་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་ལ་མཐོང་ཆེན་བྱེད་ཀྱི་ཡོད། བོད་ལྗོངས་ཧོང་ནེང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མ་བཅོས་རྒྱུ་ཆ་མཁོ་འདོན་དང་། ལག་རྩལ་མཛུབ་ཁྲིད། ཁྲོམ་རའི་ཕྱིར་ཚོང་སོགས་ཀྱི་ཐད་ནས་ཞིང་འབྲོག་པར་འཁོར་འབྲེལ་ཧྲིལ་པོའི་ཞབས་འདེགས་ཞུས་ཤིང་། 2022ལོའི་ཟླ་6པ་ནས་བཟུང་། སྣེ་གདོང་ཆུས་ཀྱི་གྲོང་ཚོ་20ཡི་ཞིང་འབྲོག་མང་ཚོགས་ཀྱིས་སྔ་རྗེས་སུ་ཧོང་ནེང་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིདང་མཉམ་ལས་གཏིང་ཟབ་བྱས་ནས། “སྒོ་རྩར”སྒོ་ཕྱུགས་དང་ཁྱིམ་བྱ་གསོ་ཚགས་བྱས་ཏེ་ཡོང་འབབ་མང་དུ་ཕྱིན་པ་རེད།
བདེ་ཐང་དང་བདེ་རྩ་ཆེ་རུ་བཏང་།
སྨན་བཅོས་བོད་སྐྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པ།
ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་མ་བུ་བདེ་སྲུང་ཁང་གིས་བོད་ཀྱི་མངལ་སྐེའི་འབྲས་སྐྲན་བརྟག་དཔྱད་ལྟེ་གནས་དང་པོ་དང་། ལྷན་སྐྱེས་དབང་སྐྱོན་བརྟག་དཔྱད་ལྟེ་གནས་དང་པོ། ཉེན་ཆེའི་སྦྲུམ་མ་དང་ཕྲུ་གུ་དམར་འབྱར་སྐྱོབ་བཅོས་ལྟེ་གནས་དང་པོ། 5Gརྒྱང་བསྟེན་གསོ་རིག་ཞབས་ཞུའི་ལས་སྟེགས་དང་པོ་སོགས“ཨང་དང་པོ”མང་པོ་བཏོད་པ་མ་ཟད། 2018ལོར་བོད་ཀྱི་ཀ་པ་རིམ་པ་གཉིས་པ་སོགས་མ་བུ་བདེ་སྲུང་ཁང་དང་པོ་སྔོན་ལ་བཙུགས་པ་རེད། དེ་དག་ཚང་མ་ཧུའུ་པེའི་སྨན་བཅོས་བོད་སྐྱོར་གྱི་རྒྱབ་སྐྱོར་ཤུགས་ཆེན་དང་ཁ་འབྲལ་ཐབས་མེད།
དེ་དང་ཆབས་ཅིག ཧུའུ་པེ་ཞིང་ཆེན་གྱིས“ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ནས་མ་དངུལ་སྒོར་དུང་ཕྱུར་1.19རོགས་སྐྱོར་བྱ་ཡུལ་གྱི་སྨན་བཅོས་འཕྲོད་བསྟེན་ཆ་འཕྲིན་ཅན་འཛུགས་སྐྱོང་དང་ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་ལ་རྒྱབ་སྐྱོར་བྱ་རྒྱུར་སྤྱད་པ་རེད། ཧུའུ་པེ་དང་བོད་ཀྱི་རྒྱང་བསྟེན་སྨན་བཅོས་མ་ལག་ལག་བསྟར་བྱེད་འགོ་ཚུགས་པ་ལས། ལྷོ་ཁ་གྲོང་ཁྱེར་གྱི་རྫོང(ཆུས)5ཡི་མང་ཚོགས་རྫོང་གྲོང་ནས་ཐོན་མི་དགོས་པར་ཧུའུ་པེའི་ཀ་པ་རིམ་པ་གསུམ་པའི་སྨན་ཁང་གི་སྤུས་ལེགས་སྨན་བཅོས་ཞབས་ཞུ་ལོངས་སུ་སྤྱོད་ཐུབ་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཧུའུ་པེ་ཞིང་ཆེན་གྱིས་ཁྱོན་ཁག་ཐེངས་22དང་ཆེད་ལས་ལག་རྩལ་ཤེས་ལྡན་པ་430ལྷག་ཙམ་ལྷོ་ཁ་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་ལས་དོན་ལ་རོགས་སྐྱོར་བྱེད་པར་མངགས་ཡོད། རིམ་ཁག་རོགས་སྐྱོར་བྱ་ཡུལ་སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་ཁོར་ཡུག་ལེགས་སུ་གཏོང་བ། འབྲེལ་ཐག་གི་ནུས་པ་བཏོན་ནས་དམངས་ཕན་བྱེད་ཐབས་དོན་འཁྱོལ། ཧུའུ་པེ་ཞིང་ཆེན་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་སོགསཀྱི་སྤྱི་ཚོགས་སྟོབས་ཤུགས་དང་འབྲེལ་གཏུག་བཅས་བྱས་ནས། གྲུམ་བུ་ཚིགས་ཆེན་ནད་དང་། ལྷན་སྐྱེས་སྙིང་ནད། གློ་བའི་འཕར་རྩའི་མཐོ་གནོན་དང་སྨྱོ་ནད་ལྕི་རིགས་སོགས་ཀྱི་ནད་གཞིར་སྨན་ཡོན་མི་དགོས་པར་བརྟག་དཔྱད་དང་སྨན་བཅོས་ཀྱི་འདུ་འགོད་རྒྱུན་མཐུད་ལག་བསྟར་བྱས་པ་རེད།
སློབ་མ་ཡོངས་ལ་བརྩེ་བ་བཅངས།
སློབ་གསོའི་བོད་སྐྱོར་ལས་དོན་མུ་མཐུད་སྤེལ་བ།
ལོ་30ཡི་རིང་། ཧུའུ་པེ་ཞིང་ཆེན་གྱིས་ཁག་7གྱི་སློབ་གསོའི་ལས་བྱེད་པ་7དང་། ཁག་8ཀྱི་སློབ་གསོའི་ཤེས་ལྡན་པ་162 ཁག་27གྱི་མཐོ་སློབ་དང་བླངས་པ་182བཅས་ལྷོ་ཁའི་སློབ་གྲྭ་8དུ་རོགས་སྐྱོར་བྱ་རྒྱུར་འདེམས་མངགས་བྱས་པས། ལྷོ་ཁའི་རྨང་གཞིའི་སློབ་གསོའི་སྤུས་ཚད་སྤྱི་ཡོངས་མཐོར་གཏོང་ཐུབ་པར་སྐུལ་ཁྲིད་ཐུབ་ཡོད། བོད་སྐྱོར་དགེ་རྒན་གྱིས་མུ་མཐུད་འབད་བརྩོན་བྱས་པ་བརྒྱུད་ལྷོ་ཁ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་དང་པོའི་མཐོ་རྒྱུགས་ཀྱི་སྐར་གྲངས་ལོན་ཚད་ལོ་གསུམ་བསྟུད་མར་ལྷོ་ཁའི་ཨང་དང་པོར་སླེབས་ཤིང་། ལྷོ་ཁ་གྲོང་ཁྱེར་ཏུང་ཧུའེ་སློབ་འབྲིང་གི་བོད་ལྗོངས་ནང་སའི་འཛིན་གྲྭར་ཚུད་ཚད་དང་འབྲིང་རྒྱུགས་ཀྱི་གྲུབ་འབྲས་ལས་ཟིན་ཐོ་གསར་པ་ཡང་ཡང་བཏོད་ལ། ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གིས་ལོ་12བསྟུད་མར་མཐོ་རྒྱུགས་དངོས་གཞིའི་ཚན་ཁག་ཏུ་ཚུད་ཚད་100%ཟིན་ནས་རྒྱལ་ཡོངས་ཀྱི་བོད་ལྗོངས་སློབ་འབྲིང་གི་ཨང་དང་པོར་སླེབས་པ་རེད།
2016ལོའི་ཟླ་9པ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་སློབ་གསོ་ཅུས(ལུས་རྩལ་ཅུས)ཀྱིས་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་ལ་ལོ་ལྟར་ཐེམ་ཁུངས་ལྷོ་ཁ་ནས་ཡིན་པའི་རང་བྱུང་ཚན་རིག་ཚན་ཁག་གི་མཐོ་རིམ་ལོ་རིམ་དང་པོའི་སློབ་མ་གསར་པ་40རེ་བསྡུས་ནས་གསོ་སྐྱོང་བྱ་རྒྱུའི་མངགས་བཅོལ་བྱས་པ་རེད། ཧུའུ་པེ་ཞིང་ཆེན་སློབ་གསོ་ཐིང་གིས་གསོ་བཅོལ་འཛིན་གྲྭའི་ལས་དོན་དེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་ནང་བཅུག་ཅིང་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ་སྒོར་ཁྲི་360བཀོད་སྒྲིག་གིས་གསོ་བཅོལ་འཛིན་གྲྭའི་ལས་དོན་ལ་རྒྱབ་སྐྱོར་དང་། དགེ་རྒན་ཡག་ཤོས་བཀོད་སྒྲིག ཐོན་ཁུངས་ཡག་ཤོས་བཀོད་སྒྲིག ཆེས་སྔོན་ཐོན་གྱི་སྒྲིག་ཆས་མཁོ་འདོན། གསོ་བཅོལ་འཛིན་གྲྭའི་སློབ་མའི་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། ངལ་རྩོལ་བཅས་ཕྱོཌ་ཡོངས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བཏང་བ་རེད།