དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་བ་དང་པོ་ནས་ལྔ་པའི་བར་ཡང་བའི་བཟོ་ལས་ཐོན་སྐྱེད་བརྟན་པོའི་ངང་བསྐྱར་འཕར་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-09

    ཉེ་ཆར། ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་རང་རྒྱལ་གྱི་ཡང་བའི་བཟོ་ལས་དཔལ་འབྱོར་གྱི་འཁོར་རྒྱུག་གནས་ཚུལ་ཁྱབ་བསྒྲགས་བྱས་ཤིང་། གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་ལྔ་པའི་བར་ཡང་བའི་བཟོ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་ཁྲི་8.8ཟིན་པ་དེ་དུས་མཚུངས་ལས་2.5%འཕར་བ་དང་ཁེ་སྤོགས་སྒོར་དུང་ཕྱུར་5242.9ཟིན་པ་དེ་དུས་མཚུངས་ལས་18.7%འཕར་ནས་འཕར་ཚད་རྒྱལ་ཡོངས་ཀྱི་བཟོ་ལས་ལས་བརྒྱ་ཆའི་གྲངས་15.3གྱིས་མཐོ་བ་ཡོད་པ་རེད།

    “འདི་ལོ་ཚུན་དུ། འཛད་རྫས་རྙིང་ཚབ་གསར་བརྗེས་སོགས་འཕར་སྣོན་བརྟན་པོ་ཡོང་བའི་སྲིད་ཇུས་རབ་དང་རིམ་པའི་སྐུལ་འདེད་འོག ཡང་བའི་བཟོ་ལས་དཔལ་འབྱོར་གྱི་འཁོར་རྒྱུག་རྣམ་པ་ཡག་པོ་བྱུང་ནས་སྤུས་ཚད་ནུས་ལྡན་ངང་མཐོ་རུ་ཕྱིན་པ་དང་གྲངས་འབོར་ལུགས་མཐུན་ངང་འཕར་ཏེ་རྒྱལ་དམངས་དཔལ་འབྱོར་བརྟན་པོའི་ངང་འཕར་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད”ཅེས་ཀྲུང་གོ་ཡང་བའི་བཟོ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཀྲང་ཁྲུང་ཧོ་ཡིས་བཤད། ཐོན་སྐྱེད་བརྟན་པོའི་ངང་བསྐྱར་འཕར་བྱུང་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། གཞི་ཁྱོན་ཆེ་བའི་ཡང་བའི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.6%འཕར་ཡོད། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་བསྡོམས་རྩིས་བྱས་པའི་ཡང་བའི་བཟོ་ལས་ཀྱི་ཐོན་རྫས་གཙོ་བོ་རིགས་91གི་ནང་ནས་ཐོན་རྫས་རིགས་66གི་ཐོན་འབོར་འཕར་བ་དང་འཕར་ཚད་72.5%ཟིན་ཡོད། དེའི་ནང་ཁྱིམ་སྤྱོད་གློག་ཆས་རིགས་ཀྱི་ཐོན་རྫས་དང་དེ་བཞིན་ཉི་ནུས་གློག་རྫས་དང་། ལིས་གློག་རྫས། རྐང་འཁོར་སོགས་ཐོན་རྫས་རིགས་22ཀྱི་ཐོན་འབོར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    ཁེ་སྤོགས་རྒྱུན་མཐུད་ལེགས་སུ་ཕྱིན་ཞིང་། ཟླ་བ་དང་པོ་ནས་ལྔ་པའི་བར། གཞི་ཁྱོན་ཆེ་བའི་ཡང་བའི་བཟོ་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་ཀྱི་ཁེ་སྤོགས་འབབ་ཚད་6%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.8འཕར་བ་དང་། ཡང་བའི་བཟོ་ལས་ཀྱི་ཁེ་སྤོགས་འཕར་ཚད་དང་ཁེ་སྤོགས་འབབ་ཚད་གཉིས་ཀ་དུས་མཚུངས་ཀྱི་གཞི་ཁྱོན་ཆེ་བའི་བཟོ་ལས་དང་བཟོ་སྐྲུན་ལས་རིགས་ཀྱི་ཆུ་ཚད་ལས་མཐོ་བ་ཡོད་པ་རེད།

    མ་དངུལ་འཇོག་ཚད་ཆེས་ཆེར་འཕར་ཞིང་། འདི་ལོ་ཚུན་དུ། ཡང་བའི་བཟོ་ལས་ལས་རིགས་འཕེལ་རྒྱས་གཏོང་བའི་གདེང་ཚོད་ཆེ་རུ་ཕྱིན་པ་དང་ཡང་བའི་བཟོ་ལས་ལས་རིགས་གཙོ་བོར་མ་འཇོག་བྱེད་ཚད་ཆེས་ཆེར་འཕར་ཡོད། ཟླ་བ་དང་པོ་ནས་ལྔ་པའི་བར། ཡང་བའི་བཟོ་ལས་ལས་རིགས་གཙོ་བོ་8ཀྱི་ཁྲོད་ནས་ཡང་བའི་བཟོ་ལས་ལས་རིགས་6གི་མ་འཇོག་གྲངས་གནས་གཉིས་འཕར་སྣོན་མྱུར་པོ་རྒྱུན་འཁྱོངས་ཐུབ་པའི་ནང་། ཞིང་ཞོར་བཟའ་བཅའ་ལས་སྣོན་ལས་རིགས་དང་། བཟའ་བཅའ་ཐོན་སྐྱེད་ལས་རིགས། ཤོག་བུ་བཟོ་བ་དང་ཤོག་བུའི་ཐོན་རྫས་ལས་རིགས་བཅས་ཀྱི་མ་འཇོག་འཕར་ཚད་20%ལས་བརྒལ་ཡོད་པ་རེད།

    རྒྱལ་ཁབ་ཕྱི་ནང་གི་ཁྲོམ་ར་བརྟན་པོའི་ངང་འཕར་ཞིང་། ནང་མཁོར་བལྟས་ན། ཟླ་བ་དང་པོ་ནས་ལྔ་པའི་བར། ཡང་བའི་བཟོ་ལས་ཀྱི་ཁྲོམ་རའི་གསོན་ཤུགས་རིམ་བཞིན་འཕེལ་ཞིང་། ཟླ་བ་5པར་ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་བྱེད་ཚད་དུས་མཚུངས་ལས་7.8%འཕར་ནས་འཕར་ཚད་ཟླ་བ་4པ་ལས་བརྒྱ་ཆའི་གྲངས་4.2མགྱོགས་སུ་ཕྱིན་ཡོད་པ་རེད། ཟླ་བ་དང་པོ་ནས་ལྔ་པའི་བར། ཡང་བའི་བཟོ་ལས་ཀྱི་ཚོང་ཟོག་རིགས་11གི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་30521ཟིན་ནས་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་15.6%བཟུང་ནས་དུས་མཚུངས་ལས་5.5%འཕར་བ་དང་འཕར་ཚད་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་གྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་1.4ཡིས་མཐོ་བ་ཡོད་པ་རེད།

    ཕྱི་ཕྱོགས་ཀྱི་དགོས་མཁོར་བལྟས་ན། ཡང་བའི་བཟོ་ལས་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་གི་མཉེན་ཆ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་དང་པོ་ནས་ལྔ་པའི་བར། ཡང་བའི་བཟོ་ལས་ཀྱི་ལས་རིགས་ཡོངས་ཀྱི་ཕྱིར་གཏོང་ཐད་ཨ་སྒོར་དུང་ཕྱུར་3727.1ཟིན་པ་དེ་དུས་མཚུངས་ལས་3.8%འཕར་བ་དང་འཕར་ཚད་གོང་གི་ཟླ་བ་བཞི་ལས་བརྒྱ་ཆའི་གྲངས་0.3མཐོ་རུ་ཕྱིན་ཡོད་པ་རེད། དེའི་ནང་ཡང་བའི་བཟོ་ལས་ཀྱི་སྲོལ་རྒྱུན་ཕྱིར་གཏོང་ཐོན་རྫས་ལ་སྔར་བཞིན་འགྲན་རྩོད་ཀྱི་ལེགས་ཆ་ཅུང་ཆེན་པོ་ལྡན་ཡོད། ཡང་བའི་བཟོ་ལས་ཀྱི་ལས་རིགས་ཆེ་གྲས་21གི་ཁྲོད་ལས་རིགས་11གི་ཕྱིར་གཏོང་གྲངས་འབོར་དུས་མཚུངས་ལས་འཕར་བའི་ནང་ཁྱིམ་སྤྱོད་གློག་ཆས་དང་། ཁྱིམ་ཆས། ཡང་བའི་བཟོ་ལས་ཀྱི་འཕྲུལ་ཆས་བཅས་ཕྱིར་གཏོང་འཕར་ཚད་10%ལས་བརྒལ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།