དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་8ཀྱིས་དཀར་ཆག་བདམས་ནས་ཡོངས་བསྒྲགས་བྱས་ཏེ།

    ལྗང་མདོག་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་གཏོང་ཚད་མགྱོགས་སུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-09

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གཞུང་དོན་ཐིང་སོགས་སྡེ་ཚན་8ཀྱིས་ལྗང་མདོག་ལག་རྩལ་འོས་སྦྱོར་སྒྲིག་འཛུགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོ་ཡོངས་བསྒྲགས་བྱས་པ་རེད། སྔོན་ཐོན་ལྗང་མདོག་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་མགྱོགས་སུ་གཏོང་ཆེད། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་འབྲེལ་ཐོག《ལྗང་མདོག་ལག་རྩལ་ཁྱབ་གདལ་དཀར་ཆག(2024ལོའི་པར་གཞི)》(གཤམ་དུ《ཁྱབ་གདལ་དཀར་ཆག》ཞེས་བསྡུ་རྒྱུ)བདམས་ནས་ཡོངས་བསྒྲགས་ལས་དོན་སྒྲིག་འཛུགས་བྱས་ཏེ་སྤེལ་རྒྱུ་རེད།

    བརྡ་ཐོའི་བླང་བྱ་ལྟར་ན། ད་རེས་འོས་སྦྱོར་བྱེད་རྒྱུའི་ལག་རྩལ་ནི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་ཐོན་ལས་དང་། ཁོར་ཡུག་སྲུང་སྐྱོང་ཐོན་ལས། ཐོན་ཁུངས་འཁོར་རྒྱུག་བེད་སྤྱོད་ཐོན་ལས། ནུས་རྒྱུ་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་བེད་སྤྱོད། རྨང་གཞིའི་སྒྲིག་བཀོད་ལྗང་མདོག་རིམ་སྤོར་བཅས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ལག་རྩལ་ཡིན་དགོས་པ་དང་། འོས་སྦྱོར་བྱེད་རྒྱུའི་ལག་རྩལ་ལ་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་དང་། ཁོར་ཡུག་སྲུང་སྐྱོང་། ཐོན་ཁུངས་ནུས་ཆེ་བེད་སྤྱོད་བཅས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་ལྡན་དགོས་པ་དང་། འབྲེལ་ཡོད་ལས་རིགས་ཀྱི་ལྗང་མདོག་ཅན་གྱི་ཆུ་ཚད་མཐོ་རུ་ནུས་ལྡན་གཏོང་ཐུབ་པ། ལས་རིགས་ནང་ཁུལ་དུ་སྔོན་ཐོན་རང་བཞིན་དང་། སྣེ་ཁྲིད་རང་བཞིན། དཔེ་སྟོན་རང་བཞིན་བཅས་ལྡན་དགོས་པ། ཁྱབ་གདལ་གྱི་རིན་ཐང་དང་བེད་སྤྱོད་ཀྱི་མདུན་ལམ་ཡག་པོ་ཡོད་དགོས་པ། གནད་སྨིན་འཐུས་ཚང་དང་བློས་འགེལ་ཆོག་པ་ཡིན་དགོས་ཤིང་། དཔལ་འབྱོར་གྱི་སྤྱོད་གོ་ཆོད་པའི་རང་བཞིན་ཡག་པོ་ལྡན་དགོས་པ་དང་རྒྱལ་ནང་དུ་ཉུང་མཐར་ཡང་བེད་སྤྱོད་དཔེ་དངོས་2ཡོད་པ་མ་ཟད་ལོ་གཅིག་ཡན་བེད་སྤྱོད་བྱས་པ་ཡིན་དགོས་པ། འོས་སྦྱོར་གོ་རིམ་གྱི་གྲས་སུ་རང་མོས་ཀྱི་ཡིག་ཐོག་སྙན་ཞུ་དང་། ཐོག་མའི་ཞིབ་བཤེར་དང་འོས་སྦྱོར། བསྐྱར་ཞིབ། ཡོངས་བསྒྲགས་བཅས་ཚུད་དགོས།

    《ཁྱབ་གདལ་དཀར་ཆག》ནང་ཚུད་པའི་ལྗང་མདོག་ལག་རྩལ་ཐད་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཉིན་མོ་དང་། རྒྱལ་ཡོངས་ཀྱི་ནུས་རྒྱུ་གྲོན་ཆུང་དྲིལ་བསྒྲགས་གཟའ་འཁོར། རྒྱལ་ཡོངས་ཀྱི་ཐཱན་ཉུང་ཉིན་མོ། ཁོར་ཡུག་ཉིན་མོ་སོགས་དང་ཟུང་འབྲེལ་གྱིས་ལག་རྩལ་ལམ་བསྒྲགས་སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་དྲིལ་བསྒྲགས་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། འབྲེལ་ཡོད་སྡེ་ཚན་ཁག་དང་། ལས་རིགས་ཁག་གི་མཐུན་ཚོགས། ཀྲུང་དབྱང་ཁེ་ལས་བཅས་ལ《ཁྱབ་གདལ་དཀར་ཆག》ནང་གི་ལྗང་མདོག་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་ལྕག་སྐུལ་གཏོང་རྒྱུ། རྒྱལ་ཁབ་ཀྱི་ལྗང་མདོག་ལག་རྩལ་ཉོ་ཚོང་ལྟེ་གནས་སོགས་ལས་སྟེགས་ཀྱི་ནུས་པ་གང་ལེགས་བཏོན་ཏེ། “ལྗང་མདོག་ལག་རྩལ་ཞབས་ཞུའི་ཁེ་ལས”སོགས་ལྗང་མདོག་ལག་རྩལ་གྲུབ་འབྲས་འོས་སྦྱོར་བྱེད་སྒོ་སྒྲིག་འཛུགས་བྱས་ཏེ་སྤེལ་ནས་ལྗང་མདོག་ལག་རྩལ་གྱི་གྲུབ་འབྲས་ཕྱོགས་སྒྱུར་དང་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་རྒྱུ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།