དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་མང་པོས་འབྲུབ་འགོག་རྒུད་སྐྱོབ་ཉེན་སེལ་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་པ།

    ཀྲུང་དབྱང་གིས་རང་བྱུང་གནོད་འཚེའི་ཉེན་སེལ་མ་དངུལ་སྒོར་དུང་ཕྱུར་5.4ཛ་དྲག་ངང་སྔོན་གཏོང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-09

    ཚེས་6ཉིན་གསར་འགོད་པར་འཕྲལ་སྡོམ་དོ་དམ་པུའུ་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་ཐོན་ཁུངས་མངགས་གཏོང་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་ནས། ཧུའུ་ནན་གཡོད་དབྱང་གྲོང་ཁྱེར་ཧྭ་རུང་རྫོང་ཐོན་ཀྲོའུ་ཆུ་རགས་ཏུང་ཐིང་མཚེའུའི་ས་ཕྱོགས་མདུན་མའི་རགས་ཁ་ཤོར་བའི་ཉེན་ཁའི་གནས་ཚུལ་ཐག་གཅོད་ལས་དོན་ཡག་པོ་སྒྲུབ་པར་རམ་འདེགས་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་ལས་དོན་ཚོགས་ཆུང་ས་གནས་ས་ཐོག་ཏུ་འབྱོར་ནས་ས་གནས་ས་ཐོག་གི་རོགས་སྐྱོབ་སྟོབས་ཤུགས་སྤྱི་འདོམས་དང་ལག་རྩལ་ཇུས་གཞི་བཟོ་བ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པར་མཛུབ་ཁྲིད་བྱེད་བཞིན་ཡོད། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གི་མི་1400ལྷག་ཙམ་ཉེན་སེལ་རོགས་སྐྱོབ་ནང་ཞུགས་པ་དང་། འཕྲལ་སྡོམ་དོ་དམ་པུའུ་རང་བྱུང་གནོད་འཚེའི་འདུ་འགོད་འཕྲལ་སྡོམ་རོགས་སྐྱོབ་ལྟེ་གནས(ཀྲུང་གོ་ཨན་ནེང)ཀྱིས་ཆེད་ལས་རོགས་སྐྱོབ་མི་སྣ་350ས་གནས་ས་ཐོག་ཏུ་རོགས་སྐྱོབ་བྱེད་པར་བཏང་བ་རེད།

    རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་མཉམ་འདུས་གཤོག་པའི་མི་མེད་གནམ་གྲུའི་འཕྲིན་གཏོང་སྟེགས་བུ་ཆ་ཚང་2བཀོད་གཏོང་བྱས་ནས་ཧྭ་རུང་རྫོང་གི་འཕྲལ་སྡོམ་འཕྲིན་གཏོང་འགན་ལེན་བྱས་པ་དང་། ཐིག་ལེན་མི་མེད་གནམ་གྲུ་དང་རྒྱང་ཚོར་སྲུང་སྐར་སྤྱད་ནས་ས་གནས་ས་ཐོག་གི་བརྙན་པར་འཚོལ་བསྡུ་སོགས་ལག་རྩལ་གྱི་འདེགས་སྐྱོར་བྱས་པ། ཐད་འཕུར་གནམ་གྲུ་2ས་གནས་ས་ཐོག་ཏུ་བཀོད་གཏོང་བྱས་ཏེ་མཁའ་ཐོག་མྱུལ་ཞིབ་དང་དིམ་སྒམ་འདེགས་འདྲེན་ལས་སྒྲུབ་སོགས་ཀྱི་འབྲེལ་ཡོད་གྲ་སྒྲིག་བྱས་པ། ཆུ་ཐོག་ལས་གྲྭའི་རོགས་སྐྱོབ་ཁྲང་ཧྲ་རུ་ཁག་གི་ཀྲུང་གོའི་འཕྲལ་སྡོམ“ཁྲང་ཧྲ་རྟགས་ཅན”ས་གནས་ས་ཐོག་ཏུ་བཀོད་གཏོང་བྱས་ནས་རགས་ཀ་བཙུགས་ཏེ་ཆུ་བཀག་པ་དང་ཆུ་ནང་རྡོ་ཧྲུག་བླུགས་པ་སོགས་ཀྱི་ལས་སྒྲུབ་བྱས་པ་རེད།

    དེ་ཉིན་རྒྱལ་ཁབ་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སོགས་སྡེ་ཚན་གྱི་མཉམ་འབྲེལ་གྲོས་མོལ་སྒྲིག་འཛུགས་བྱས་ཏེ། ཧུའུ་ནན་དང་། ཧྲན་ཏུང་། ཧོ་ནན། ཧྲའན་ཤིས་སོགས་ཞིང་ཆེན་18བཀོད་གཏོང་བྱས་ནས་ཆར་ཆུ་མང་བ་དང་། ཆུ་རྒྱས་ཚུལ། གནོད་འཚེའི་གནས་ཚུལ་བཅས་ཀྱི་འཕེལ་རིམ་ལ་དབྱེ་ཞིབ་དང་མཐའ་དཔྱོད་བྱས་ཏེ་དྲག་ཆར་བབས་རྗེས་ཀྱི་གནོད་འཚེ་སྔོན་འགོག་དང་ཁ་གཏད་གཅོག་པ་དང་། མང་ཚོགས་གནས་སྤོ་བཀོད་སྒྲིག་བྱེད་པ། ཆུ་རགས་དང་མཛོད་ཁང་གི་སྐོར་ཞིབ་འགོག་སྲུང་དང་ཉེན་སེལ་རོགས་སྐྱོབ་སོགས་ཀྱི་ལས་དོན་སྔར་བས་བཀོད་སྒྲིག་བྱས་པ་རེད།

    ཆུ་བེད་པུས་ཉེན་ཁའི་གནས་ཚུལ་གྱི་འཕེལ་ཕྱོགས་ལ་དབྱེ་ཞིབ་དང་མཐའ་དཔྱོད་བྱས་ཏེ་འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱིས་ཉེན་ཁའི་གནས་ཚུལ་འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་མཛུབ་ཁྲིད་དང་སྐུལ་འདེད་བཏང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་རགས་དང་མཚེའུ་གཉིས་ཀྱི་ཆུ་རགས་ཨ་མར་སྔར་བཞིན་ཆུ་ཁ་མཐོ་པོ་ཡོད་པ་རེད། འབྲི་ཆུའི་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུས་ཟླ་7ཚེས་5ཉིན་གྱི་དགོང་མོ་ཧུའུ་པེ་དང་། ཧུའུ་ནན། ཅང་ཤིས། ཨན་ཧུའེ། ཅང་སུའུ་བཅས་ཞིང་ཆེན་ལྔའི་ཐན་ཞོད་སྔོན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ལ་ཛ་དྲག་གི་བརྡ་ཐོ་བཏང་ནས། སྐོར་ཞིབ་འགོག་སྲུང་གི་འགན་འཁྲི་སྔར་བས་ནན་དུ་བཏང་སྟེ་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་ཆུ་རགས་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    གཞན་ཡང་གློག་འཕྲིན་འབྱོར་གསལ། ཉེན་ཁའི་གནས་ཚུལ་ཐོན་རྗེས་སྤྱི་བདེ་པུས་ཧུའུ་ནན་སྤྱི་བདེ་ལས་ཁུངས་ལ་མགྱོགས་མྱུར་བྱ་སྤྱོད་སྤེལ་བའི་བཀོད་གཏོང་བཀོད་འདོམས་བྱས་ནས། འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཉེན་སེལ་རོགས་སྐྱོབ་དང་། མང་ཚོགས་གནས་སྤོ། འགྲིམ་འགྲུལ་ལམ་གཤོང་། སྒྲིག་ལམ་སྲུང་བ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་ཆབས་ཅིག འབྲུབ་འགོག་སྒྲིག་ཆས་དང་དངོས་ཟོག་ཛ་དྲག་ངང་བཀོད་སྒྲིག་བྱས་ནས་ཉེན་སེལ་གྱི་འཐབ་ས་མདུན་མར་བསྐྱལ་བ་རེད།

    ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་ཉེན་སེལ་མ་དངུལ་སྒོར་དུང་ཕྱུར་5.4ཛ་དྲག་ངང་སྔོན་གཏོང་བྱས་ཏེ། ས་གནས་ཀྱིས་ཆུ་ལོག་དང་། ཞོད་སྐྱོན། ས་གཤིས་ཀྱི་གནོད་འཚེ། ནགས་ཚལ་མེ་སྐྱོན་བཅས་ཀྱི་ཉེན་སེལ་ལས་དོན་ཡག་པོ་བསྒྲུབ་པར་རོགས་སྐྱོར་བྱས་པ་རེད། དེའི་ནང་ཧུའུ་ནན་དང་། ཨན་ཧུའེ། ཅང་ཤིས། ཧེ་ལུང་ཅང་། ཅང་སུའུ། ཀྲེ་ཅང་། ཧུའུ་པེ། ཁྲུང་ཆིང་། ཀུའེ་ཀྲོའུ་བཅས་ཞིང་ཆེན་9ལ་ཆུ་ལོག་དང་ཞོད་སྐྱོན་དང་ས་གཤིས་གནོད་འཚེའི་ཉེན་སེལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་5.03སྔོན་གཏོང་བྱས་ནས་གནོད་འཚེ་ཕོག་མཁན་འཚོལ་སྐྱོབ་དང་གནས་སྤོ་བཀོད་སྒྲིག་དང་། ཉེན་སེལ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར། གཏོར་སྐྱོན་ཕོག་པའི་མང་ཚོགས་སྡོད་ཁང་ཉམས་གསོ་སོགས་ཀྱི་ལས་དོན་ཐད་གཙོ་གནད་ཐོག་སྤྱོད་རྒྱུ་དང་། ནང་སོག་དང་ཧྲན་ཤིས་ཞིང་ཆེན་གཉིས་ལ་ནགས་ཚལ་མེ་སྐྱོན་གྱི་ཉེན་སེལ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་0.37སྔོན་གཏོང་བྱས་ནས་འཕྲལ་སྡོམ་ཉེན་སེལ་རོགས་སྐྱོབ་ཐད་གཙོ་གནད་ཐོག་སྤྱོད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།