དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱའི” བྱེད་སྒོ་ཐེངས་145པ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-09

    ཉེ་ཆར། ཀྲུང་དབྱང་དྲིལ་བསྒྲགས་པུའི་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་སྟེགས་བརྒྱའི”བྱེད་སྒོ་ཐེངས་145པ་ཧྲན་ཤིས་ཐའེ་ཡོན་རྟེན་མཛོད་ཁང་དུ་གཉེར་བ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཧྲན་ཤིས་ཐའོ་དགོན་གྱི་གནའ་ཤུལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་སྣེ་ཁྲིད་པ་ཀའོ་ཅང་ཐའོ་ཡིས《བསྟུན་ཀྱང་གཅིག་མཚུངས་མི་བྱེད། ཐའོ་དགོན་གྱི་གནའ་རྫས་རྟོག་ཞིབ་ལས་མངོན་པའི་ཀྲུང་ཧྭའི་གནའ་བོའི་ཤེས་དཔལ》ཞེས་པའི་གཏམ་བཤད་བྱས་པ་རེད།

    ཀའོ་ཅང་ཐའོ་ཡིས་དང་ཐོག་ཐའོ་དགོན་གྱི་གནའ་ཤུལ་གྱི་ས་ཁམས་ཆགས་ཡུལ་ནས་གླེང་འགོ་ཚུགས་ཏེ་ཐའོ་དགོན་གྱི་གནའ་ཤུལ་དེ་ལུང་གཞུང་དམའ་ས་དང་རི་འདབས་མཐོ་སའི་དབར་གནས་པའི་ས་ཁམས་ཀྱི་ལེགས་ཆར་དབྱེ་ཞིབ་བྱས་པ་མ་ཟད། ཐའོ་དགོན་གྱི་གནའ་རྫས་རྟོག་ཞིབ་ལས་གནའ་རབས་པ་ཚོས་རྒྱལ་སའི་ས་ཆ་འདེམས་པའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་ལ་ཕྱོགས་སྡོམ་བྱས་པ་རེད། “བལྟོས་བཅས་བཀག་སྡོམ་ཡིན་པའི་ཁུལ་ཁོངས་ཀྱི་ཁོར་ཡུག་ཁྲོད་གལ་ཏེ་ས་ཁོངས་དེའི་ཁོར་ཡུག་ལེགས་པ་དང་། ས་ཞིང་གཤིན་པ། ཆུ་དཔྱད་འོས་འཚམ་བཅས་ཡོད་ཚེ་ཞིང་ལས་དང་། སྤྱི་ཚོགས། དཔལ་འབྱོར་བཅས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་ཆབ་སྲིད་ཀྱི་དབང་ཆའི་ལས་ཁུངས་དང་རྒྱུ་ནོར་བགོ་བཤའ་དང་འབྲེལ་བ་དམ་ཟབ་ཡོད་པའི་རིམ་པའི་ལམ་ལུགས་ཆགས་པར་སྔར་བས་སྐུལ་འདེད་གཏོང་ཐུབ་ཀྱི་ཡོད”ཅེས་ཀའོ་ཅང་ཐའོ་ཡིས་བཤད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོ་ཧྲན་ཤིས་ཞིང་ཨུད་དྲིལ་བསྒྲགས་པུའུ་དང་འོད་ཟེར་དྲ་བས་གཉེར་འགན་འཁུར་བ་དང་། འོད་ཟེར་དྲ་བ་དང་འོད་ཟེར་ཉིན་རེའི་ཚགས་པར་གྱི་དུད་སྣེས་བྱེད་སྒོ་དེ་ས་གནས་ས་ཐོག་ནས་ཐད་གཏོང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།